ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་སྔར་ལས་སྒྱུར་བཅོས་ཇེ་ཆེ།


ཁ་སྔོན་ཕྱི་ཚེས་༩་ནས་དེ་རིང་ཕྱི་ཚེས་༡༢་བར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་མོལ་ཚོགས་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་འདུ་མ་ཚོགས་གོང་དུ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏོང་རྒྱུ་མིན་པའི་ཐག་གཅོད་བྱས་ཀྱང་། ད་ལྟ་མཇུག་བསྒྲིལ་མ་ཐག་པའི་སྐབས་གསུམ་པའི་ཏང་གི་ཚང་འཛོམས་གྲོས་མོལ་ཐོག་ཏུ་གཞུང་གི་འགྲོ་གྲོན་བསྲི་ཚགས་དང་དཔྱ་ཁྲལ་སྤར་གཅོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས་པ་དང་། ད་བར་རྒྱ་ནག་གི་ཞིང་པ་ཚོར་རང་བདག་གི་ས་ཞིང་མེད་པའི་ལམ་ལུགས་དེར་ལེགས་བཅོས་གཏོང་རྒྱུ། རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་འཇོག་བྱེད་རྒྱུ་སྟབས་བདེ་རུ་བཏང་སྟེ། ཁྲོམ་ར་དང་ཚོང་ལས་ཀྱི་དགོས་མཁོར་གཞིགས་ནས་མ་རྩ་དང་ཐོན་སྐྱེད་ཀྱི་འབྱུང་ཁུངས་ཁག་བགོ་འགྲེམ་བྱེད་དགོས་པ་དང་། རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་ལའང་རང་དབང་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཞེས་པ་ཞིག་གསར་དུ་བཙུགས་ནས་སྤྱི་ཚོགས་འཛིན་སྐྱོང་དང་མི་མང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG