ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ཨ་རི། པ་ཀི་སི་ཐན།


གཟའ་འཁོར་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཝ་ཤིང་ཊོན་དང་པེ་ཅིང་གཉིས་ཀྱིས་པ་ཀི་སི་ཐན་གྱི་གནད་དོན་ལ་གྲོས་མོལ་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན་པ་དང་། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་ནག་དང་པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་ཀྱང་ཕྱོགས་གཉིས་ཀྱི་མཛའ་འབྲེལ་དམ་ཟབ་ཡོད་ཅེས་བསྔགས་བརྗོད་བྱས་ཏེ། སྔ་ལོ་རྒྱ་ནག་དང་པ་ཀི་སི་ཐན་གྱི་ཚོང་ལས་ཨ་སྒོར་དུང་ཕྱུར་༩༠་ཙམ་ལ་འཕར་ཡོད་པ་དང་། རྒྱ་ནག་གིས་པ་ཀི་སི་ཐན་ལ་འཐབ་འཛིང་གནམ་གྲུ་དང་དམག་གྲུ། པ་ཀི་སི་ཐན་གྱི་རྨང་གཞིའི་སྐྱེལ་འདྲེན་མཐུན་རྐྱེན་ཏེ། ཨ་རབ་རྒྱ་མཚོའི་ནང་དུ་གྲུ་གཟིངས་འབབ་ཚུགས་ཤིག་དང་། རྡོ་སྣུམ་དང་རང་བྱུང་སོལ་རླངས་འདྲེན་གཏོང་བྱེད་པའི་ལྕགས་སྦུགས་གསར་འཛུགས། མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བཅས་པ་ཀི་སི་ཐན་གྱི་འཛུགས་སྐྲུན་ཡར་རྒྱས་གཏོང་བའི་ལས་གཞི་མང་པོ་ཞིག་ལ་ཇུས་འགོད་བྱེད་ཀྱི་ཡོད་རུང་། རྒྱ་ནག་གིས་པ་ཀི་སི་ཐན་གྱི་ཆེད་དུ་འགན་ཁུར་ཆེ་ཙམ་བླངས་ནས་ཨ་མི་རི་ཀར་གྲོས་མོལ་བྱེད་རྒྱུའི་རྣམ་འགྱུར་སྟོན་གྱི་མེད་པ་དང་། དཔེར་ན་གཟའ་འཁོར་འདིར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧུང་ལེ་ཡིས་མི་ཚོར་པེ་ཅིང་དང་ཨི་སི་ལཱ་མ་བྷཏ་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པའི་ལྟ་ཚུལ་ཞིག་ཡོད་པ་བདེན་པ་མིན་ཞེས་དགག་པ་བརྒྱབ་ཡོད་པ་རེད།

XS
SM
MD
LG