ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ལོ་གསར།


རྒྱ་ནག་གི་ལོ་གསར།
རྒྱ་ནག་གི་ལོ་གསར།

ཕྱི་ཟླ་༢་ཚེས་༣་ཉིན་རྒྱ་ནག་རྒྱལ་ཡོངས་སུ་ཤོག་སྦག་བརྒྱབ་པ་དང་ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་སྤར་པ། རྒྱ་ནག་གི་ཁྱིམ་ཚང་ས་ཡ་མང་པའི་བཟའ་མི་ལྷན་འཛོམས་དང་དགའ་ཉེ་གྲོགས་པོ་ཐུག་འཕྲད། ཁོང་ཚོས་ལོ་གསར་པ་འདིར་ལུས་ཁམས་བདེ་ཐང་ཞིང་རྒྱུ་ནོར་ལོངས་སྤྱོད་འཕེལ་པའི་སྨོན་འདུན་ཞུས་ནས་འཚམས་འདྲི་བྱེད་ཀྱི་ཡོད་ཀྱང་། ད་ལོ་རྒྱ་ནག་གི་ཁྲོམ་ར་ཁག་ཏུ་དངོས་ཟོག་གི་རིན་གོང་འཕར་པ་དང་་མི་མང་གི་དཔལ་འབྱོར་ཡོང་འབབ་གཉིས་ཁ་མཚུངས་པར་དཀའ་ངལ་འཕྲད་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་དང་། སྲིད་བློན་དབུན་ཅ་པའོ་ཡིས་མི་དམངས་ལ་ལོ་སར་གྱི་འཚམས་འདྲི་ཞུ་བའི་གཏམ་བཤད་བྱས་པ་ལྟར་ན། དེང་སྐབས་རྒྱ་ནག་སྤྱི་ཚོགས་སུ་དངོས་ཟོག་གི་རིན་གོང་འཕར་ནས་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་དང་། ཚོང་པ་ཚོས་ཁྲོམ་རའི་དངོས་ཡོད་གནས་སྟངས་ལ་མ་བལྟས་པར་ས་ཁང་གི་རིན་གོང་ཚོད་དཔག་བྱས་ནས་ཚོང་ལས་གཉེར་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཚོང་ལས་དེ་ཚོར་དམ་དྲག་ནན་པོ་བྱེད་རྒྱུ་དང་། དངོས་ཟོག་གི་རིན་གོང་འཕར་པ་དང་ས་ཁང་གི་རིན་གོང་འཕར་གྱི་ཡོད་པ་དེར་ཚོད་འཛིན་མེད་པ་སྟངས་འཛིན་བྱེད་རྒྱུ་དེ་ནི། ལོ་གསར་པ་འདིར་རྒྱ་ནག་གཞུང་གིས་གདོང་ལེན་བྱེད་དགོས་པའི་ལས་དོན་གལ་ཆེ་གཉིས་ཡིན་མོད་། འོན་ཀྱང་རྒྱ་ནག་མི་དམངས་ཀྱིས་ཀྱང་བསྲི་ཚགས་གྲོན་ཆུང་དང་ཐབས་མཁས། ཁོང་ཚོས་རང་གི་དཀའ་ངལ་དེ་ཚོ་སོ་སོ་རང་གིས་སེལ་ཐུབ་པའི་གྲ་སྒྲིག་བྱེད་དགོས་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG