ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་སྡུག་རྩུབ་ཀྱི་སྲིད་ཇུས་ངེས་པར་དུ་འགྱུར་བཅོས་གཏོང་དགོས།


ཨ་རིའི་སྲིད་དོན་གྱི་ཚོགས་པ་གཉིས་ལས་འགྲུབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཉེ་ལམ་བོད་མི་༡༡གིས་་རང་ལུས་མེར་སྲེག་གཏོང་དགོས་བྱུང་བའི་གནད་དོན་དེ་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཀྱི་སྲིད་ཇུས་འཛིན་མུས་ཡིན་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་སྟབས་རྒྱ་ནག་གཞུང་གིས་བོད་ནང་་གདུག་རྩུབ་ཆེ་བའི་སྲིད་ཇུས་འཛིན་རྒྱུ་མཚམས་འཇོག་བྱ་རྒྱུར་ཨོ་བྷ་མ་ཆབ་སྲིད་འཛིན་སྐྱོན་ཁང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཞེེས་འབོད་སྐུལ་གནང་འདུག་པའི་བསྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕྱོགས་སྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG