ངོ་འཕྲད་བདེ་བའི་དྲ་འབྲེལ།

ནང་སོག་གི་སློབ་མའི་ངོ་རྒོལ།


ནང་སོག་གི་སློབ་མའི་ངོ་རྒོལ།

ནང་སོག་གི་སློབ་ཕྲུག་སྟོང་ཕྲག་གཉིས་ལྷག་ཤི་ལིན་ཧོད་གྲོང་ཁྱེར་ལ་འདུ་འཛོམས་བྱས་པ་དང་། ཁོང་ཚོས་རྒྱ་མི་རིགས་ཀྱི་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཞིག་གིས་སོག་པོའི་འབྲོག་ཞིག་གི་ཐོག་ཏུ་རླངས་འཁོར་བཏང་སྟེ། ཁོ་ལོ་བ་དེས་བསམ་བཞིན་མེར་རྒན་ཞེས་པའི་སོག་པོའི་འབྲོག་པ་ཞིག་དམར་གསོད་བྱས་པར་ཁྲིམས་གཅོད་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་ནང་སོག་གི་འབྲོག་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་རྒྱུ། སོག་པོ་དང་རྒྱ་མི་རིགས་གཉིས་ལ་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ཞེས་ས་གནས་སྲིད་གཞུང་མདུན་དུ་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་། དེར་བརྟེན་རྒྱ་ནག་གཞུང་གིས་འཕྲལ་དུ་དྲག་ཆས་ཉེན་རྟོག་པ་བཏང་ནས་སློབ་ཕྲུག་གཅིག་དང་ནང་སོག་གི་འབྲོག་པ་གསུམ་ལ་རྡུང་རྡེང་དྲག་པོ་བཏང་བ་མ་ཟད། གྲོང་ཁྱེར་དེའི་རྒྱ་ལམ་དང་སྲང་ལམ་གྱི་བཞི་མདོ་ཁག མི་ཚོགས་འདུ་འཛོམས་བྱེད་ས་བཅས་ལ་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་དམ་དྲག་བྱས་པ་དང་། ཤི་ལིན་ཧོད་གྲོང་ཁྱེར་དུ་བྱུང་བའི་སློབ་ཕྲུག་གི་ངོ་རྒོལ་ཁྲོམ་སྐོར་དེ་ནང་སོག་གི་ས་གནས་གཞན་ལ་ཁྱབ་གདལ་འགྲོ་རྒྱུ་བཀག་འགོག་བྱས་ཡོད་པ་རེད།

XS
SM
MD
LG