ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དམག་སྦྱོང༌།


གཟའ་འཁོར་འདིར་རྒྱ་ནག་གི་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྦྱོང་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅེས་མི་དམངས་བཅིངས་འགྲོལ་དམག་གི་མགྲིན་ཚབ་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་ཅིང༌། ད་རེས་ཀྱི་དམག་སྦྱོང་འདི་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་དཔུང་བཟུང་འབྲེལ་ཐོག་ཏུ་ཉི་ཧོང་གི་མཚོ་ཁོངས་སུ་དམག་སྦྱོང་བྱས་ཡོད་པ་དེ་དང་དུས་མཉམ་ཁེལ་ཡོད་པ་དང༌། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པར་གཞིགས་ན། གཟའ་འཁོར་འདིར་མི་དམངས་བཅིངས་བཀྲོལ་དམག་གི་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྦྱོང་ཧ་ཅང་ཆེན་པོ་ཞིག་བྱས་པ་དེ་ནི། མི་དམངས་བཅིངས་བཀྲོལ་དམག་གསར་འཛུགས་བྱས་ནས་བཟུང༌། ད་བར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དམག་སྦྱོང་འདི་འདྲ་ཞིག་བྱས་པ་ཐེངས་དང་པོ་ཡིན་པ་དང༌། དམག་སྦྱོང་འདིར་མི་དམངས་བཅིངས་འགྲོལ་དམག་གྲུ་དང་མཚོ་འོག་དམག་གྲུ། གཞན་ཡང་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད།།

XS
SM
MD
LG