ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀོང་ཀྲུག་གྲོང་ཁྱེར་དུ་ཕྱི་ཡོང་ལས་མིའི་ཟིང་འཁྲུག


ཀོང་ཀྲུག་གྲོང་ཁྱེར་དུ་ཕྱི་ཡོང་ལས་མིའི་ཟིང་འཁྲུག

རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ནས་ཡོང་བའི་ལས་མི་ཚོ་དང་ཀོང་ཀྲུག་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོ་འཁྲུག་རྩོད་ཐུག་ནས་ཉི་མ་གསུམ་འགྲོ་བ་དང་། སི་ཁྲོན་ཞིང་ཆེན་ནས་ཡོང་བའི་ལས་མི་སྟོང་ཕྲག་༡་ལྷག་གིས་ཉེན་རྟོག་པའི་རླངས་འཁོར་མེར་སྲེག་བཏང་བ་དང་ཤེལ་སྒོ་བཅག་པ། ཙེང་ཁྲེང་གྲོང་རྡལ་གྱི་ས་གནས་གཞུང་གི་ལས་ཁུངས་ཁག་ཅིག་གཏོར་བཅོམ་བྱས་པ་དང་། གྲོང་རྡལ་དེའི་ཉེན་རྟོག་པ་ཚོས་སི་ཁྲོན་ཞིང་ཆེན་ནས་ཡོང་བའི་ལས་མི་༢༥་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་རུང་། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཕྱི་ལོགས་ནས་ཡོང་བའི་ལས་མི་ཚོས་ཟིང་འཁྲུག་སློང་གི་ཡོད་པ་ཞོད་འཇགས་གཏོང་ཐུབ་མེད་པ་དང་། སི་ཁྲོན་ཞིང་ཆེན་ནས་ཡོང་བའི་ལས་མི་དེ་ཚོས་རྒྱ་མོ་སྦྲུམ་མ་ཞིག་ལ་ཚོང་ཁང་ཆེན་པོ་ཞིག་གི་སྒོ་སྲུང་བས་ཐུབ་ཚོད་བྱས་སོང་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG