ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཧུ་ཅིན་ཐའོ་ཡི་ཨ་རིའི་འཚམས་འདྲིར་བསྔགས་བརྗོད།


རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཧུ་ཅིན་ཐའོ་ཡི་ཨ་རིའི་འཚམས་འདྲིར་བསྔགས་བརྗོད།
རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཧུ་ཅིན་ཐའོ་ཡི་ཨ་རིའི་འཚམས་འདྲིར་བསྔགས་བརྗོད།

རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡི་ཨ་མི་རི་ཀའི་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ་ཡོད་པ་དང་། ཕྱི་ཟླ་༡་དང་པོའི་ཚེས་༢༡་ཉིན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཧུ་ཅིན་ཐའོ་ཡི་ཨ་མི་རི་ཀའི་འཚམས་འདྲི་དེར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་། ད་ཐེངས་ཀྱི་འཚམས་འདྲིའི་རྗེས་སུ་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་འཕེལ་རིམ་གསར་པ་ཞིག་ལ་སླེབས་ཡོད་པ་དང་། ཧུ་ཅིན་ཐའོ་ཡི་འཚམས་འདྲི་དེས་འཛམ་གླིང་ཞི་བདེ་ལའང་ལེགས་སྐྱེས་ཕུལ་ཡོད། སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོར་ཧུ་ཅིན་ཐའོ་ལ་སྣེ་ལེན་གཟབ་རྒྱས་ཞུས་པ་འཛམ་གླིང་གི་སྲིད་སྟེགས་སུ་རྒྱ་ནག་གལ་གནད་ཆེ་བའི་རྒྱལ་ཁབ་ཅིག་ལ་གྱུར་ཡོད་ཅེས་བསྔགས་བརྗོད་ཤུགས་ཆེ་བྱས་མོད། འོན་ཀྱང་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་སྲིད་འཛིན་ཨོ་བྷ་མ་དང་ཧུ་ཅིན་ཐའོ་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན། ཐེ་ཝན་དང་རྒྱ་ནག་གི་དངུལ་སྒོར་གྱི་ཛ་ཐང་། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་རྣམ་པ་ཧུ་ཅིན་ཐའོ་ལ་ཕོ་བྲང་དཀར་པོར་བཤམས་པའི་གསོལ་སྟོན་དེར་མ་ཕེབས་པ་མ་ཟད། ཕོ་བྲང་དཀར་པོའི་ཕྱི་ལོག་དང་ཨ་མི་རི་ཀའི་ས་གནས་གང་སར་བོད་པ་དང་བོད་དོན་རྒྱབ་སྐྱོར་པ། རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དང་ཞིན་ཅང་གི་ཡུ་གུར་མི་རིགས། ཧྥ་ལུན་གུང་རྩ་རླུང་སྒོམ་པ་སོགས་ཀྱིས་ཧུ་ཅིན་ཐའོ་ལ་རྗེས་འདེད་བྱས་ནས་ངོ་རྒོལ་བྱས་པ་དང་། ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཧུ་ཅིན་ཐའོ་ལ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་སྐད་ཆ་དྲིས་པ་དེར་ལན་འདེབས་མ་བྱས་པར་གཡོལ་ཐབས་བྱས་པ་སོགས་རྒྱ་ནག་གི་མི་དམངས་བསྟན་མེད་པ་རེད།།

XS
SM
MD
LG