ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་མཚོ་དམག་གི་ཧམ་སེམས།


ཕྱི་ཟླ་༡༠་ཚེས་༡་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༦༢་འཁོར་པའི་དུས་ཆེན་ཡིན་པ་དང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ཐུབ་པའི་མདུན་ལམ་མཚོ་ནང་གི་མངའ་ཁོངས་རྒྱ་སྐྱེད་གཏོང་རྒྱུ་དེར་ཐུག་ཡོད་པ་སྟེ། ད་ལོའི་ཕྱི་ཟླ་༨་ནང་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་དང་པོ་དེ་མཚོ་ནང་ལ་བཏང་ནས་ཚོད་ལྟ་བྱས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་མཚོ་དམག་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པ་དེར་དོ་སྣང་བྱས་རུང་། རྒྱ་ནག་གཞུང་གིས་ང་ཚོའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་སྟོབས་ཤུགས་ཧ་ཅང་རྗེས་ལུས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ལ་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ལྔ་ཡོད། རྒྱ་ནག་དེའི་ཁོངས་ཀྱི་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་མེད་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་པ་་རེད།

XS
SM
MD
LG