ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་ལིའུ་ཤའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་སྔར་བཞིན་སྐྱོན་བརྗོད།


རྒྱ་ནག་གིས་ལིའུ་ཤའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་སྔར་བཞིན་སྐྱོན་བརྗོད།
རྒྱ་ནག་གིས་ལིའུ་ཤའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་སྔར་བཞིན་སྐྱོན་བརྗོད།

རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཤའོ་པོ་དུས་རབས་སྔོན་མའི་ལོ་རབས་༨༠་ནས་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་ཞུགས་བྱེད་འགོ་ཚུགས་པ་དང་། དཔེར་ན་༡༩༨༩་ལོར་ལིའུ་ཤའོ་པོ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ། ཁོང་གིས་རྒྱ་ནག་གི་སློབ་ཕྲུག་ཚོས་རང་ཡུལ་ལ་ཆབ་སྲིད་སྒྱུར་བཅོས་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་པའི་ལས་འགུལ་དེར་རྒྱབ་སྐྱོར་བྱས་ཤིང་། ཕྱི་ལོ་༢༠༠༦་ལོར་་ལིའུ་ཤའོ་པ་པོ་ཡིས་འཛམ་གླིང་ཁྱོན་ཡོངས་ཀྱི་རྩོམ་པ་པོ་ཚོས་རྒྱ་ནག་ལ་འབྲི་རྩོམ་གྱི་རང་དབང་མེད་པ་དེར་དོ་སྣང་བྱེད་དགོས་ཞེས་འབོད་སྐུལ་ཞུས་པ་མ་ཟད། ཁོང་གིས་ལོ་ངོ་གཉིས་ཀྱི་གོང་དེར་༢༠༠༨་ཀྱི་བཅའ་ཁྲིམས་ཞེས་པའི་ཡིག་ཆ་ཞིག་འགྲེམ་སྤེལ་བྱས་པ་དང་། ༢༠༠༨་ཀྱི་བཅའ་ཁྲིམས་དེར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏང་རྒྱུ། རྒྱ་ནག་གི་འགོ་ཁྲིད་ཚོ་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་མི་དམངས་ལ་ཐད་ཀར་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་པ་དང་། དུས་རབས་༢༡་པའི་འགྲོ་ལུགས་དང་མཐུན་པར་རྒྱ་ནག་ལ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་གསར་གཏོད་བྱེད་དགོས་ཞེས་འཁོད་ཡོད་པས། རྒྱ་ནག་གཞུང་གིས་ལིའུ་ཤའོ་པོ་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིག་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ནས་ལོ་༡༡་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།།

XS
SM
MD
LG