ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཆེ་མཐོང་མེད་པ།


རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཧྥུ་དབྱིང་ལ་གསར་འགོད་པས་གནད་དོན་སྣ་མང་ཞིག་གི་ཐོག་ཏུ་སྐད་ཆ་དྲིས་པ་དང་། ལྷག་པར་དུ་ཁོང་ལ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོའི་ལས་འགན་དང་དབང་ཚད། རྒྱ་ནག་མི་དམངས་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོར་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས་ཏེ། ཧྥུ་དབྱིང་གིས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་སྒྲུབ་ཕྱོགས་ལ་སྤྱི་ཚོགས་ཐོག་ཏུ་ལྟ་ཚུལ་ལོག་པ་ཞིག་ཡོད་པ་བདེན་པ་རེད། ཡིན་ནའང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོའི་ལས་འགན་ལྕི་མོ་དང་ཚོགས་འདུ་ཁག་ཀྱང་གལ་འགངས་ཆེན་པོ་དང་དོན་སྙིང་ལྡན་པ་ཞིག་ཡིན་ཞེས་ལན་འདེབས་བྱས་ཡོད་པ་རེད།།
XS
SM
MD
LG