ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་གསར་འགོད་པ་ཞིག་ལ་ གཞུང་གི་གསང་བ་ཕྱི་རྒྱར་བྱས་པའི་ཉེས་འཛུགས།


རྒྱ་ནག་གཞུང་གིས་པད་ཅིང་ལ་ཡོད་པའི་རྒྱ་ནག་གི་གསར་འགོད་པ་སྐད་གྲགས་ཅན་ ཞིག་ལ་ གཞུང་གི་གསང་བའི་གནས་ཚུལ་ཕྱི་རྒྱར་བྱས་པའི་ཉེས་འཛུགས་བྱས་ཏེ་ཁོང་འཛིན་བཟུང་བྱས་ཡོད་པ་རེད་ གནས་ཚུལ་འདི་ནི་དེ་སྔ་་༡༩༨༩ ལོར་པད་ཅིང་དུ་ དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་ལོ་ ༢༥ འཁོར་ བའི་དུས་དྲན་གི་གོང་དུ་ གཞུང་གིས་འབྲེལ་ཡོད་མི་སྣ་ཁག་གཅིག་ལ་དམ་བསྒྲགས་ དང་ འཛིན་བཟུང་བྱས་པའི་ཆ་ཤས་ཤིག་ཆགས་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ ཁང་གི་གསར་འགོད་པས་ཧོང་ཁོང་ནས་བཏང་བའི་གནས་ཚུལ་ཞིག་ཚེ་བརྟན་དབང་ ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG