ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གཞུང་གིས་དྲ་ལམ་རྩོམ་པ་ཞིག་བཙོན་འཇུག


ད་ལོ་འཛམ་གླིང་གི་དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས་ཀྱི་ཁ་ཆེའི་རྒྱལ་ཁབ་ཁག་ལ་མི་མང་གི་གྱེན་ལངས་གསར་བརྗེ་ལགས་ནས་བཟུང་། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཤེས་ཡོན་ཅན་བརྒྱ་ཕྲག་འགའ་ཞིག་འཛིན་བཟུང་དང་བཀག་ཉར། ཁོང་ཚོ་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ནས་ཕྱི་ལ་ཐོན་དུ་འཇུག་གི་མེད་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཤེས་ཡོན་ཅན་དེ་དག་གི་གྲས་སུ་དྲ་ལམ་རྩོམ་པ་པོ་ཁྲེན་ཝེ་ཡང་ཡོད་པ་སྟེ། ཁོང་གིས་རྒྱ་ནག་མི་དམངས་ལ་གཏམ་བརྗོད་རང་དབང་དགོས་པ་དང་། ༡༩༤༩་ནས་རྒྱ་ནག་ལ་དམར་ཤོག་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་དྲ་ལམ་རྩོམ་ཡིག་བྲིས་ཡོད་པས། དེ་རིང་ཕྱི་ཟླ་༡༢་ཚེས་༢༣་ཉིན་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས་དྲ་ལམ་རྩོམ་པ་པོ་ཁྲེན་ཝེ་ལ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

XS
SM
MD
LG