ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བྲག་མགོ་རུ་བོད་མི་བཅུ་དྲུག་ལ་ཁྲིམས་ཐག་བཅད་འདུག


ཉེ་ཆར་བོད་མདོ་ཁམས་བྲག་མགོ་ཁུལ་དུ་བོད་མི་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་བྱེད་པའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་མང་ཚོགས་ལ་མེ་མདའ་ཚོད་མེད་འཕངས་ཏེ་ཤི་རྨས་ཀྱི་གནས་སྟངས་ཚབས་ཆེན་བྱུང་ཡོད་ཅིང་ སྐབས་དེར་བོད་མི་ཞི་རྒོལ་བ་ཚོ་འཛིན་བཟུང་བྱས་ཡོད་པ་མ་ཟད་ ད་ལྟ་བོད་མི་ཚོར་ཚེ་བཙོན་ལ་སོགས་པའི་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་། ཡང་བྲག་མགོ་ཁུལ་དུ་མི་མང་སློབ་གསོ་ཞེས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་ཀྱིན་ཡོད་པའི་ཐད་ལ་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་མཁོ་འདོན་པ་བསོད་ནམས་ཚེ་རིང་ལགས་སུ་གནས་འདྲི་གནང་ཡོད་པའི་སྐོར་ལ་གསན་རོགས་གནང་།

XS
SM
MD
LG