ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་དཀར་ནག་གི་འབྲེལ་བ་དང་དབུན་ཅ་པའོ་ཡི་འཚམས་འདྲི།

Indian Prime Minister Manmohan Singh, right, shakes hands with Chinese Premier Wen Jiabao at the closing ceremony of the Festival of China in India and the 60th anniversary of the established diplomatic relations between the two countries, in New Delhi, I

རྒྱ་ནག་གི་སྲིད་དབུན་ཅ་པའོ་རྒྱ་གར་ལ་ཉི་མ་གསུམ་གྱི་འཚམས་འདྲིར་ཕེབས་པ་མཇུག་བསྒྲིལ་ཡོད་ཅིང་། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་རྒྱ་དཀར་ནག་གི་སྲིད་བློན་རྣམ་པས་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་དང་རིག་གནས་བརྗེ་ལེན། ཆུའི་ཐོན་ཁུངས་མཉམ་བགོ་བྱེད་དགོས་པ་སོགས་ལ་གྲོས་མོལ་བྱས་ཡོད་པ་དང་། སྲིད་བློན་དབུན་ཅ་པའོ་ཡིས་རྒྱ་དཀར་ནག་གཉིས་ནམ་ཡང་དགྲ་ཁ་གཏད་ལ་འགྱུར་མི་སྲིད། ང་ཚོ་གཅིག་གི་ཡར་རྒྱས་གོང་འཕེལ་གཅིག་ཤོས་ཀྱི་འགོག་རྐྱེན་ལ་འགྱུར་མི་སྲིད་ཅེས་གཏམ་བཤད་བྱས་ཀྱང་། རྒྱ་ནག་གིས་པ་ཀི་སི་ཐན་ལ་ཕྱོགས་གང་ཐད་ནས་འབྲེལ་བ་བརྟན་པོ་ཞིག་བཙུགས་ཡོད་པ་དང་། འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་རྒྱ་དཀར་ནག་གཉིས་ཀར་ས་མཚམས་ཀྱི་རྩོད་གླེང་ཡོད་པ་ཐག་གཅོད་བྱེད་ཐུབ་ཀྱི་མེད་པ་མ་ཟད། ད་དུང་རྒྱ་ནག་གིས་ཀ་ཤི་མིར་ལ་ཐེ་གཏོགས་བྱེད་རྒྱུ་དང་། རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ཎ་ཅལ་མངའ་སྡེའི་ས་ཆ་ཁག་ཅིག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་བྱེད་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ལྡི་ལི་གསར་པའི་འགོ་ཁྲིད་ཚོས་རྒྱ་ནག་མཐུན་གྲོགས་ཤིག་ལ་འགྱུར་མི་ཐུབ་པའི་དོགས་པ་ཡོད་སེལ་ཐུབ་མེད་པ་རེད།།

XS
SM
MD
LG