ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་པའི་བགྲོ་གླེང་།


རྒྱ་ནག་གཞུང་གིས་བོད་པ་ན་གཞོན་རྩོམ་པ་དང་སྙན་ངག་མཁན། གསར་འགོད་པ་དང་དུས་དེབ་ཀྱི་རྩོམ་སྒྲིག་པ་སོགས་ཤེས་ཡོན་ཅན་མང་པོ་ཞིག་ལ་མེས་རྒྱལ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གཏོང་བརླག ཁོང་ཚོར་སྤྱི་ཚོགས་ལ་ཟིང་འཁྲུག་སློང་བའི་ངན་སྐུལ་བྱས་པ་དང་ཁྲིམས་འགལ་གྱི་རྩོམ་ཡིག་འགྲེམ་སྤེལ་བྱས་པའི་ནག་ཉེས་བཙུགས་ཏེ། ཕྱི་ལོ་༢༠༠༨་ནས་ད་བར་རྒྱ་ནག་གཞུང་གིས་ཉུང་མཐའ་ཡང་བོད་པ་ན་གཞོན་ཤེས་ཡོན་ཅན་༥༠་ཙམ་འཛིན་བཟུང་བྱས་པ་དང་། བོད་པ་ཤེས་ཡོན་ཅན་དེ་དག་ལ་ནགཉེས་འདྲ་མིན་ཞིག་བཙུགས་ནས་ལོ་མང་རིང་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་རུང་། ཕྱི་ཟླ་༡༡་ཚེས་༢༠་ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེར་ཆེད་གཉེར་གདན་འདྲེན་ཞུས་པའི་མཁས་པ་དང་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་རྒན་རབས། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔྱད་ཞིབ་པ་རྣམས་ལྷན་དུ་འཛོམས་ཏེ། ཁོང་ཚོས་བོད་པ་དང་ཡུ་གུར་པ། ནང་སོག་བཅས་གྲངས་ཉུང་མི་རིགས་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་ཁག་གི་བརྩམས་ཆོས་དེ་ཚོར་དཔྱད་ཞིབ་བྱས་པ་མ་ཟད་། གྲངས་ཉུང་མི་རིགས་ཀྱི་ན་གཞོན་རྩོམ་པ་པོ་ཚོས་རང་གི་བརྩམས་ཆོས་ཀྱི་བརྗོད་བྱ་དང་རྩོམ་རིག་གི་ཉམས་མྱོང་རྣམས་ཕར་ཚུར་སྤེལ་རེས་བྱས་ཡོད་པ་རེད།།

XS
SM
MD
LG