ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ར་རྒྱའི་དགོན་པའི་རྩེ་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་དར་བཙུགས།


ཕྱི་ཟླ་༡༡་ཚེས་༢༠་སྟེ། མདོ་སྨད་ཀྱི་རྩིས་ལུགས་ལྟར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་རྫོགས་པའི་བཅུ་བའི་ལྔ་མཆོད་ཆེན་མོའི་དུས་ཆེན་ཡིན་པ་དང་། ཉིན་དེའི་ཞོགས་པར་མདོ་སྨད་ཀྱི་ར་རྒྱ་དགོན་པའི་རྩེ་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་ཞིག་དང་སྐུ་པར་དེའི་གཡས་གཡོན་གཉིས་སུ་བོད་ཀྱི་རྒྱལ་དར་རེ་བཀལ་ཡོད་ཅིང་། དེར་བརྟེན་རྒྱ་ནག་གཞུང་གིས་འཕྲལ་དུ་དྲག་ཆས་ཉེན་རྟོགས་པ་དང་ལས་དོན་རུ་ཁག་བཏང་ནས་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་དེ་དག་ཕྱིར་བསྡུ་བྱས་པ་མ་ཟད། ད་ནས་ཉིན་ཤས་རྗེས་སུ་དུས་ཡུན་ཟླ་བ་གསུམ་ལ་ར་རྒྱ་དགོན་པའི་གྲྭ་དམངས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སློབ་གསོ་གཏོང་རྒྱུ་དང་། ཉི་མ་གསུམ་གྱི་ནང་ཚུད་དུ་དགོན་པའི་རྩེ་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འགེལ་མཁན་དེ་ཚོས་རང་ངོས་ནས་མགོ་མ་སྒུར་ཚེ། རྒྱ་ནག་གཞུང་གིས་ར་རྒྱ་དགོན་པ་དང་དགོན་པའི་གྲྭ་དམངས་ལ་ཁྲིམས་གཅོད་ནན་པོ་བྱེད་རྒྱུའི་ཉེན་བརྡ་བཏང་རུང་། ད་སྔ་རྒྱ་ནག་གཞུང་གིས་དོགས་གཞི་ཡོད་པའི་ར་རྒྱ་དགོན་པའི་གྲྭ་བ་དང་དགོན་པའི་ལས་སྣེ་སོགས་འཛིན་བཟུང་དང་བཀག་ཉར་བྱས་པའི་གནས་ཚུལ་གང་ཡང་ཐོན་མེད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ར་རྒྱ་བ་དགེ་འདུན་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།

XS
SM
MD
LG