ངོ་འཕྲད་བདེ་བའི་དྲ་འབྲེལ།

རླངས་འཁོར་གྱིས་བརྫིས་པའི་བུ་མོ་དེ་འདས་གྲོངས།


རླངས་འཁོར་གྱིས་བརྫིས་པའི་བུ་མོ་དེ་འདས་གྲོངས།

གཟའ་འཁོར་སྔོན་མར་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན། ཧྥོ་ཧྲན་གྲོང་ཁྱེར་གྱི་སྲམ་ལམ་ཞིག་ཏུ་བུ་མོ་ལོ་ན་གཉིས་ལ་སོན་པ་ཞིག་ལ་རླངས་འཁོར་གཉིས་ཀྱིས་སྔ་རྗེས་སུ་རྡུང་ག་བརྒྱབ་ནས་རྡོག་རྫི་བཏང་བ་དང་། སྐབས་དེར་ཤི་མེད་པའི་བུ་མོ་ཆུང་ཆུང་དེའི་མགོ་ལུས་ནས་ཁྲག་ཐོན་ཏེ་སྲང་ལམ་ནང་དུ་འཕག་ར་བྱེད་བཞིན་ཡོད་ཀྱང་། མི་མང་ལམ་འགྲོ་བ་༡༨་ཙམ་གྱིས་ཁྲག་གི་ནང་དུ་རིལ་ཡོད་པའི་བུ་མོ་ཆུང་ཆུང་དེར་སྣང་མེད་དུ་བཏང་ནས་བདག་པོ་མ་བརྒྱབ་པ་དང་། ཕྱི་ཟླ་༡༠་ཚེས་༢༡་ཉིན་བུ་མོ་ཆུང་ཆུང་དེ་ཀོང་ཀྲུག་དམག་གི་སྨན་ཁང་ནང་དུ་འདས་གྲོངས་སུ་གྱུར་ཅིང་། དེར་བརྟེན་རྒྱ་ནག་རྒྱལ་ཡོངས་སུ་རྒྱ་མི་རིགས་ཀྱི་བཟང་སྤྱོད་འདུ་ཤེས་ཉམས་ནས་རྡོ་ལྟར་འགྱུར་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེས་དྲ་རྒྱའི་ནང་དུ་རྩོམ་ཡིག་སྟོང་ཕྲག་མང་པོ་སྤེལ་ཡོད་པ་དང་། བུ་མོ་ཝང་ཡུའེ་འདས་གྲོངས་སུ་གྱུར་ནས་ཉི་མ་ཕྱེད་ཀའི་རྗེས་སུ་རྒྱ་ནག་གི་དྲ་རྒྱའི་ནང་དུ་བུ་མོ་ཆུང་ཆུང་དེའི་ལས་དབང་ལ་གདུང་སེམས་མཉམ་སྐྱེད་བྱེད་པའམ། ཡང་ན་བུ་མོ་འདས་པོ་དེའི་ཕ་མ་སོགས་ལ་སེམས་གསོ་བྱེད་པའི་ཡི་གེ་ས་ཡ་གཉིས་ལྷག་བྲིས་ཡོད་པ་རེད།

XS
SM
MD
LG