ངོ་འཕྲད་བདེ་བའི་དྲ་འབྲེལ།

བུ་ལོན་ནང་འཐིམ་པའི་ཡོ་རོབ་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དོགས་ཟོན་བྱེད་པ།


བུ་ལོན་ནང་འཐིམ་པའི་ཡོ་རོབ་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དོགས་ཟོན་བྱེད་པ།

ཨ་སྒརོ་ཐེར་འབུམ་མང་པོའི་ཚོང་བྲེལ་བྱ་རྒྱུའི་མཐུན་གྲོས་ཐོག་ས་རྟགས་བརྒྱབས་པའི་རྗེས་རྒྱ་ནག་གི་སྲིད་བློན་ཝེན་ཅ་པའོས་ཡོ་རོབ་ཡུལ་གྲུ་ཁག་ནང་གི་བལྟ་སྐོར་མཇུག་བསྒྲིལ་བྱེད་ཀྱི་ཡོད་པ་དང་ ཉམས་རྒུད་དུ་འགྲོ་བཞིན་པའི་རང་གི་དཔལ་འབྱོརབསྐྱར་གསོ་བྱ་རྒྱུའི་ཆེད་ཡོ་རོབ་ཡུལ་ཁག་ཚོས་རྒྱ་ནག་ནས་མ་འཛུགས་ཡོང་རྒྱུའི་རེ་བ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད འོན་ཀྱང་རྒྱལ་ས་ལོན་ཌོན་ནས་གསར་འགོད་པ་ཧེན་རི་ རིཇ་ཝེལ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན་ འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་མཁན་ཞིག་ཡིན་པའི་སྐྱོན་འཛུགས་བྱས་པའི་རྒྱལ་ཁབ་དེ་དང་ཡོ་རོབ་ཀྱིས་ཚོང་འབྲེལ་གང་མགྱོགས་བྱ་རྒྱུ་མིན་པའི་སྐོར་ལས་འགུལ་དོན་གཉེར་བ་ཚོས་བརྗོད་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG