ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་མཚོན་ཆ་ཕྱིར་ཚོང་།


འཛམ་གླིང་གི་མཚོན་ཆའི་ཁྲོམ་ར་དེ་ཉིད་ཨ་མི་རི་ཀ་དང་ར་ཤི་ཡ། དབྱིན་ཇི་དང་ཧྥ་རན་སི་བཅས་དམག་གི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་བཞིས་སྒེར་འཛིན་བྱེད་ཡོད་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་རྒྱལ་ཁབ་ཕལ་ཆེ་བས་རང་སྲུང་གི་མཚོན་ཆ་དེ་རྣམས་ཨ་མི་རི་ཀ་དང་ར་ཤི་ཡ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་མངགས་ཉོ་བྱེད་ཀྱི་ཡོད་རུང་། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་ཀྱང་མཚོན་ཆ་ཕྱིར་ཚོང་བྱས་ནས་ཁྲོམ་ར་གསར་པ་ཞིག་སྒོ་ཕྱེ་ཡོད་པ་དང་། དཔེར་ན་རྒྱ་ནག་གིས་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་འཐབ་འཛིང་གནམ་གྲུ་དང་མེ་ཤུགས་འཕུར་མདའ། དེང་རབས་ཅན་གྱི་དམག་དོན་ཡོ་བྱད་ཁག་ཅིག་རིན་གོང་མདའ་མོ་བྱས་ནས་པ་ཀི་སི་ཐན་དང་བྷང་ག་ལ། ཨི་ཇེབ་དང་ན་མི་བི་ཡ། ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷ་ཎ་དང་སུ་དན། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཧུན་རྡུ་ར་སི་དང་བེ་ནེ་ཛུ་ལ་བཅས་ལ་བཙོང་གི་ཡོད་པ་རེད།།

XS
SM
MD
LG