ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྤྱི་འཐུས་རྣམས་ཕྱི་རྒྱལ་གཞུང་ཚབ་ཁག་ཏུ་ཕེབས་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་པ།


བོད་མི་མང་གི་སྐུ་ཚབ་ཏུ་ངོས་འཛིན་བྱེད་པའི་སྤྱི་འཐུས་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་ཏུ་བཅར་ཏེ་བོད་ཀྱི་ཛ་དྲག་གནས་སྟངས་ལ་རྒྱབ་སྐྱོར་ཐོབ་རྒྱུའི་འབོད་སྐུལ་གནང་བཞིན་པ་དེར་ནུས་པ་གང་འཚམས་ཐོན་པའི་རྣམ་པ་ཡོད་པས། རྒྱ་ནག་གཞུང་ཚབ་ཁང་གིས་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་ཏུ་བོད་མིའི་འཐུས་མི་རྣམས་ཐུག་རྒྱུ་མེད་པའི་ཡིག་ཐོག་ནས་ཀྱང་འབོད་སྐུལ་ཞུས་ཡོད་པའི་སྐོར་ས་གནས་ཚེ་རིང་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་གསན་རོགས་གནང་།
XS
SM
MD
LG