ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་དཀར་ནག་གི་རྩོད་གཞི་དང་ ལི་ཁེ་ཆང་གི་འཚམས་འདྲི།


༄༅།། ཉེ་ཆར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་འཁྲུག་རྩོད་འབྱུང་གྲབས་བྱས་ཤིང་། རྒྱ་གར་གཞུང་གིས་ཕྱོགས་གཅིག་ནས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་བྱས་པ་དང་ཕྱོགས་གཅིག་ནས་ས་མཚམས་ལ་དམག་དྲངས་ཏེ། རྒྱ་ནག་གི་མཐའ་སྲུང་དམག་རྒྱ་གར་གྱི་ས་དྭགས་ཕྱོགས་སུ་མངའ་ཁོངས་སུ་སིམ་འཛུལ་བྱས་པ་དེར་ཁ་གཏད་གཅོག་པའི་ཞི་དྲག་གི་སྲིད་ཇུས་གཉིས་ལག་ལེན་བསྟར་པ་དང་། དེ་རིང་ཕྱི་ཟླ་༥་ཚེས་༡༦་ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པ་སུང་ཏའོ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་གཞི་ལོ་རྒྱུས་ཀྱི་འགལ་རྐྱེན་ཞིག་ཡིན་མོད། འོན་ཀྱང་ང་ཚོའི་ས་མཚམས་རྩོད་གཞི་དེ་རྒྱ་དཀར་ནག་གི་ཕྱོགས་ཡོངས་ཀྱི་འབྲེལ་བ་ལས་གནད་འགག་ཆུང་བ་ཡིན་ཞེས་བཤད་པ་དང་། གཟའ་ཉི་མ་འདིར་རྒྱ་ནག་གི་སྲིད་བློན་གསར་པ་ལི་ཁེ་ཆང་རྒྱ་གར་ལ་འཚམས་འདྲི་ཐེངས་དང་པོ་ཕེབས་ཀྱི་ཡོད་པས། དེའི་སྔོན་དེར་རྒྱ་ནག་གཞུང་གིས་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་གཞི་གནད་འགག་ཆེན་པོ་ཞིག་མིན་པའི་གཏམ་བཤད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG