ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་ཉེན་བརྡ།


རྒྱ་ནག་གི་ཉེན་བརྡ།
རྒྱ་ནག་གི་ཉེན་བརྡ།

ད་ལོའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་རྒྱུ་དེར་གཟའ་འཁོར་གཅིག་ལྷག་ཙམ་ལས་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི ཚོགས་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་སྲིད་གཞུང་ཁག་གི་སྐུ་ཚབ་དང་ཚོགས་སྡེ་ཁག་གི་འཐུས་མི་རྣམས་མཉམ་ཞུགས་བྱེད་མི་ཆོག་ཅེས་ཉེན་བརྡ་གཏོང་གིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཎོ་བེལ་གཟེངས་རྟགས་ལྷན་ཚོགས་ལའང་ཕྱི་ལོ་༢༠༡༠་ཐམ་པའི་ཞི་བདེའི་གཟེངས་རྟགས་དེ་རྒྱ་ནག་གི་ཁྲིམས་འགལ་ཉེས་ཅན་ཞིག་ལ་སྤྲད་པ་དེས་རྒྱ་ནག་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་སྔར་རྒྱུན་བཞིན་གནས་ཐབས་བྱེད་རྒྱུ་དེར་འགལ་ཟླ་བསླངས་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར། འདི་ཀ་རླུང་འཕྲིན་ཁང་གི་གསར་འགོད་པ། སི་ཊབ་ཎི་ཧོ་ཡིས་བཏང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG