ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་དང་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག


སྔ་ལོ་རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་བར་སྣང་ཁམས་ལ་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་འཐེན་ནས་བཟུང་། རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་འབྲེལ་བ་སྡུག་ཏུ་སོང་བ་དང་། ཉེ་དུས་ཤིག་ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུའང་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་ཅིག་འཐེན་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱིས་དེ་ལ་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་ཅིང་། ཡིན་ནའང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧུ་ལེ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གི་མཁའ་དབྱིངས་མཁའ་ཁོངས་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ཕྱོགས་ནས་ཉེན་ཀ་འབྱུང་རྒྱུའི་རྟགས་མཚན་གང་ཡང་མེད་པ་དང་། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་བ་བཟང་པོ་ཡོད་པས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གང་ཅིའི་གནས་སྟངས་ཞི་བདེ་དང་བརྟན་ལྷིང་ཡིན་ཞེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG