ཨ་རིའི་རྒྱལ་སྲུང་དྲུང་ཆེ་མཆོག་གཟའ་འཁོར་འདིའི་ནང་ཨེ་ཤི་ཡའི་ནང་དུ་ཕེབས་རྒྱུ་དང་སྐབས་བསྟུན་གྱིས་རྒྱ་ནག་ནང་དུའང་ཕེབས་རྒྱུའི་གྲོས་འཆར་ལ་མོས་མཐུན་མ་བྱས་པར་ད་རེས་སྣེ་ལེན་ཞུ་རྒྱུའི་དུས་ཚོད་འཚམས་པོ་མེད་ལུགས་བརྗོད་ཡོད་ཀྱང་ དེ་ནི་ཨ་རིའི་གཞུང་གིས་ཐའེ་ཝན་ལ་མ་གནས་ཨ་སྒོར་ཐེར་འབུམ་དྲུག་དང་ཕྱེད་ཀ་མ་ཟིན་ཙམ་གྱི་གོ་མཚོན་ཚོང་སྒྱུར་བྱ་རྒྱུའི་ཐག་གཅོད་བྱས་པ་དེ་ལ་རྒྱ་གིས་མུ་མཐུད་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་ཞིག་ཡིན་པ་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།