ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་རྒྱག་རྒྱུ་འགྲིག་ཚུལ་གླེང་བ།


རྒྱ་ནག་གིས་ཡར་ཀླུང་གཙང་པོ་བཀག་ནས་ཆུ་མཛོད་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གཞུང་གིས་ཡར་ཀླུང་གཙང་པོ་སོགས་བོད་ཀྱི་མཐོ་སྒང་ས་ཁུལ་ནས་ལྷོ་ཕྱོགས་སུ་རྒྱུག་གི་ཡོད་པའི་ཆུ་བོ་དེ་རྣམས་བཀག་སྐྱིལ་བྱས་ན་འགྲིག་ཐབས་མེད། ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཀག་རྗེས་རྒྱ་གར་ལ་ལྟག་ཆུ་ཆད་རྒྱུའི་ཉེན་ཀ་ཡོད་པ་དང་། བོད་ནས་རྒྱུག་གི་ཡོད་པའི་ཆུ་བོ་ཁག་ལ་བརྟེན་ཡོད་པའི་རྒྱ་གར་གྱི་ས་གནས་ཁག་གི་སྐྱེ་ཁམས་ལའང་དོ་ཕོག་འགྲོ་རྒྱུའི་ཉེན་ཀ་ཡོད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། ཕྱི་ཟླ་༡༡་ཚེས་༡༨་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ས་མཚམས་ཀྱི་ཆུའི་ཐོན་ཁུངས་བགོ་བཤའ་བརྒྱབ་དགོས་པ་དང་། ཡར་ཀླུང་གཙང་པོའི་ཆུ་རྒྱུད་ཀྱི་སྐྱེ་ཁམས་ལ་གནོད་འཚེ་གཏོང་མི་ཉན་པ་དེར་རྒྱ་ནག་གིས་ནམ་ཡིན་རུང་གཟབ་ནན་བྱེད་དགོས་པའི་ལངས་ཕྱོགས་ཤིག་བཟུང་ཡོད། ང་ཚོས་འཛུགས་སྐྲུན་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་གནད་འགག་ཆེན་པོ་ཡིན་པ་གཅིག་མཚུངས་སུ་རྩིས་ཡོད་པ་དང་། ཡར་ཀླུང་གཙང་པོའི་ཐོག་གི་ཆུ་མཛོད་དེས་རྒྱ་གར་ལ་ཆུ་རྒྱུན་ཆད་རྒྱུ་ཡིན་མིན་ལ་རྒྱ་ནག་གིས་བསམ་གཞིག་ནན་པོ་བྱས་ཡོད་ཅེས་ལན་འདེབས་བྱས་ཡོད་པ་རེད།

XS
SM
MD
LG