ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རང་སྐྱོང་ལྗོངས་སུ་ཕྱི་རྒྱལ་གྱི་འགྲུལ་པ་བཀག་འགོག


ཉེ་ཆར་ཕྱི་ཟླ་༥་ཚེས་༢༧་ཉིན་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་བོད་པ་ན་གཞོན་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། ཁོང་ཚོས་རྒྱ་ནག་གཞུང་གིས་བོད་མི་རིགས་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དེར་ངོ་རྒོལ་བྱས་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་སའི་བར་སྐོར་ནང་དང་དེའི་གཡས་གཡོན་གྱི་སྲང་ཁག་ལ་དམག་དང་དྲག་ཆས་ཉེན་རྟོག་པ། རྒྱ་གཞུང་གི་སྤྱི་བདེ་མི་སྣ་དང་དཀྱུས་ཆས་གྱོན་པའི་གསང་མྱུལ་རྣམས་འགྲེམ་འཇོག་བྱས་པའི་གྲངས་འབོར་སྔར་ལས་ཇེ་མང་དུ་བཏང་བ་དང་། ལྷ་ལྡན་གཙུག་ལག་ཁག་དང་སེ་འབྲས་དགའ་གསུམ་སོགས་ལྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་ལ་མཆོད་མཇལ་འགྲོ་རྒྱུ་དེར་དམ་དྲག་ཆེ་རུ་བཏང་སྟེ། འདས་པའི་ལོ་མང་རིང་ལྷ་སར་ཚོང་ལས་གཉེར་བཞིན་ཡོད་པའི་ཨ་མདོ་རྔ་བའི་ཚོང་པ་ཁག་ཅིག་ཀྱང་འཛིན་བཟུང་བྱས་པ་དང་། ལྷ་སར་གཏན་སྡོད་བྱེད་ཡོད་པའི་མདོ་ཁམས་ཕྱོགས་ཀྱི་བོད་པ་ཚོང་པ་ཁག་ཅིག་རང་གི་ས་གནས་སོ་སོར་ཕྱིར་སློག་བྱས་ཡོད་པ་མ་ཟད། མདོ་ཁམས་ཕྱོགས་ཀྱི་བོད་པ་ཚོ་ལྷ་སར་གནས་སྐོར་ལ་འགྲོ་རྒྱུ་དེར་ཡང་འགོག་རྐྱེན་འཕྲད་ཀྱི་ཡོད་པ་དང་། དེ་རིང་ཕྱི་ཟླ་༦་ཚེས་༧་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲ་འཆམ་པ་རྣམས་ཡོང་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་དང་། ལྷ་ས་དང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་དུས་ཡུན་ཅི་ཙམ་རིང་ལ་བོད་རང་སྐྱོང་ལྗོངས་སུ་ཡོང་མི་ཆོག་པའི་བཀག་འགོག་བྱེད་རྒྱུ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

XS
SM
MD
LG