ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ལྐོག་ཟ་རུལ་སུངས།


དེང་སྐབས་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་དང་ཚོང་པ་ཁག་གཅིག་བཀག་ཉར་བྱས་ཏེ། ཚོང་པ་དང་དཔོན་རིགས་ཚོ་ངན་འབྲེལ་བྱས་ནས་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོར་དམ་བསྒྲགས་བྱེད་བཞིན་ཡོད་ཅིང་། སྲིད་དོན་ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན། འདི་ནི་རྒྱ་ནག་གི་སྤྱི་ཚོགས་སུ་དཔོན་ཁག་དང་ཚོང་པ་ངན་འབྲེལ་གྱི་སྒོ་ནས་ལྐོག་ཟ་རུལ་སུངས་དར་ཁྱབ་ཆེན་པོ་ཡོད་པ་ཡོངས་གྲགས་ཡིན་པ་མ་ཟད། སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་སྒྱུར་བཅོས་ཀྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་དེའི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རེ་བྷ་ཁ་ཧྦ་ལིས་ཧོང་ཀོང་སྤེལ་པའི་གནས་ཚུལ་ཞིག་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG