ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཡར་རྒྱས་དང་སྒྱུར་བཅོས་ལྷན་ཁང་གི་འགན་འཛིན་ཤེ་ཀྲེན་ཧྭ་ཡིས་བཟོ་གྲྭ་དང་རླངས་འཁོར། ལྷག་པར་དུ་རྡོ་སོལ་གྱི་གློག་ཁང་ཁག་ནས་ཐོན་པའི་ནག་རྫས་དུད་རླངས་ཀྱིས་འཛམ་གླིང་ས་གོ་ལའི་ཚ་དྲོད་ཆེ་རུ་གཏོང་གི་ཡོད་རུང་། རྒྱ་ནག་གཞུང་གིས་རང་གི་མི་དམངས་ལ་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། རྡོ་སྣུམ་དང་རྡོ་སོལ་སོགས་བསྲི་ཚགས་བྱེད་དགོས་པའི་བསམ་བློའི་གོ་རྟོགས་མཐོ་རུ་བཏང་སྟེ། ང་ཚོས་རིམ་བཞིན་ནག་རྫས་དུད་རླངས་ཉུང་དུ་གཏོང་བའི་འཆར་གཞི་དེ་ཚོ་ལག་ལེན་བསྟར་རྒྱུ་ཡིན་ཞེས་གཏམ་བཤད་བྱས་ཡོད་པ་དང་། དེ་ཡང་ཕྱི་ཟླ་༩་ཚེས་༢༩་ཉིན་རྒྱ་ནག་གི་ཡར་རྒྱས་དང་སྒྱུར་བཅོས་ལྷན་ཁང་གི་འགན་འཛིན་ཤེ་ཀྲེན་ཧྭ་ཡིས་པེ་ཅིང་གི་ཚོགས་འདུ་ཞིག་གི་ཐོག་ཏུ་གཏམ་བཤད་བྱས་པ་ལྟར་ན། རྒྱ་ནག་གི་ལོ་ལྔའི་འཆར་གཞིའི་ཁོངས་སུ་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ཀྱི་ཡོད་པ་འགོག་ཐབས་བྱེད་དགོས་པ་དང་། ང་ཚོའི་ལོ་ལྔའི་འཆར་གཞི་གསར་པའི་ཁོངས་སུ་ནག་རྫས་དུད་རླངས་ཉུང་དུ་གཏོང་དགོས་པའི་སྲིད་ཇུས་དེ་ཚོ་ཚུད་པར་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG