ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གི་ཞིབ་བཤེར།


Chinese man stops at a news stand on a street in Beijing (file photo)
Chinese man stops at a news stand on a street in Beijing (file photo)

རྒྱ་ནག་གི་ལུགས་ཁྲིམས་དང་སྲིད་དོན་ཚན་རིག་སློབ་གྲྭ་ཆེན་མོའི་གཙོ་འཛིན་ཟུར་པ་ཅང་ཕིང་དང་ལོ་ན་༩༠་གོ་གྲངས་ལ་སོན་པའི་མའོ་ཙེ་ཏུང་གི་སྐུ་སྒེར་དྲུང་ཡིག་ཟུར་པ་ལི་རུའི། མི་དམངས་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་པ་སོགས་རྒྱ་ནག་གི་མཐོ་རིམ་གནད་ཡོད་མི་སྣ་ཟུར་པ་༢༣་གྱིས་ཐུན་མོང་གི་སྙན་ཞུ་ཞིག་ལ་མིང་རྟགས་བཀོད་དེ། ཁོང་ཚོས་རྒྱ་ནག་མི་དམངས་ལ་གཏམ་བརྗོད་རང་དབང་ཆེ་རུ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་གསར་འགྱུར་དང་དཔེ་དེབ། གློག་བརྙན་བཅས་ཀྱི་ནང་དོན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་ནག་གི་མཐོ་རིམ་གནད་ཡོད་མི་སྣ་ཟུར་པ་དེ་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཕུལ་པའི་ཡོངས་གྲགས་ཀྱི་སྙན་ཞུ་དེ་ཟླ་བ་འདིའི་མགོ་སྟོད་ལ་འབྲི་རྩོམ་བྱས་ཀྱང་། ཁོང་ཚོས་ད་ལྟ་བར་དུ་སྙན་ཞུ་དེ་ཕྱིར་བསྒྲགས་བྱས་མེད་པ་དང་། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ལུགས་ཁྲིམས་དང་སྲིད་དོན་ཚན་རིག་སློབ་གྲྭ་ཆེན་མོའི་གཙོ་འཛིན་ཟུར་པ་ཅང་ཕིང་གིས་སྙན་ཞུ་དེར་མིང་རྟགས་བཀོད་པ་ངེས་གཏན་བྱས་ཡོད་པ་རེད།།

XS
SM
MD
LG