ངོ་འཕྲད་བདེ་བའི་དྲ་འབྲེལ།

ལིའུ་ཤའོ་པོའི་ཁྲིམས་རྩོད་པ་ཕྱི་རྒྱལ་གྱི་ཚོགས་འདུར་ཕེབས་རྒྱུ་བཀག་འགོག


A picture of Chinese dissident Liu Xiaobo is carried by a protester during a rally demanding his release outside China's Liaison Office in Hong Kong, 11 Oct 2010 (file photo)

རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཤའོ་པོ་ཡི་ཁྲིམས་རྩོད་པ་མཱོ་ཧྲའོ་ཕིང་དང་། ཧོང་ཀོང་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་དགེ་རྒན་ཧེ་ཝེའི་ཧྥང་གཉིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཚོགས་འདུ་ཞིག་ལ་ཕེབས་ཀྱི་ཡོད་རུང་། ཕྱི་ཟླ་༡༡་ཚེས་༩་ཉིན་ཁོང་གཉིས་རྒྱ་ནག་གི་ཉེན་རྟོག་པ་ཚོས་ པེ་ཅིང་གནམ་ཐང་དུ་བཀག་འགོག་བྱས་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མཱོ་ཧྲའོ་ཕིང་དང་ཧོང་ཀོང་གི་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་དགེ་རྒན་ཧེ་ཝེའི་ཧྥང་གཉིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཚོགས་ཀྱི་ཡོད་པའི་ཚོགས་འདུ་དེར་ཕེབས་མི་ཆོག་པའི་བཀའ་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མཱོ་ཧྲའོ་ཕིང་གིས་ང་དང་ཧོང་ཀོང་གི་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་དགེ་རྒན་ཧེ་ཝེའི་ཧྥང་གཉིས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཉེན་རྟོག་པ་ཚོར་གསལ་བོ་ཞིག་བཤད་རྒྱུ་མེད་རུང་། ད་ལྟ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༠་ཐམ་པའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཤའོ་པོ་ཡི་རྒྱབ་སྐོར་པ་དང་། ཁོང་དང་འབྲེལ་བ་ཡོད་པའི་མི་ཐམས་ཅད་ལ་དམ་དྲག་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། ང་དང་དགེ་རྒན་ཆེན་མོ་ཧེ་ཝེའི་ཧྥང་གཉིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཚོགས་འདུ་དེར་འགྲོ་མི་ཆོག་པའི་བཀག་འགོག་བྱས་པ་དེ་ལིའུ་ཤའོ་པོ་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་བོ་ཡིན་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG