ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨེ་ཝེ་ཝེ་བཟའ་ཚང་གཉིས་ཐུག་འཕྲད།


ཨེ་ཝེ་ཝེ་བཟའ་ཚང་གཉིས་ཐུག་འཕྲད།
ཨེ་ཝེ་ཝེ་བཟའ་ཚང་གཉིས་ཐུག་འཕྲད།

རྒྱ་ནག་གི་བཟོ་བཀོད་དང་སྒྱུ་རྩལ་མཁས་པ་ཨེ་ཝེ་ཝེ་བཀག་ཉར་བྱས་ནས་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་སོང་ཡོད་པ་དང་། ད་བར་རྒྱ་ནག་གཞུང་གིས་ཨེ་ཝེ་ཝེའི་བཟའ་ཟླ་དང་ཁྲིམས་རྩོད་པ། ཁོང་གི་གྲོགས་པོ་དང་རྒྱབ་སྐྱོར་པ་ཚོར་ཨེ་ཝེ་ཝེ་བཀག་ཉར་བྱེད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་དང་། ཁོང་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་འགྲེལ་བཤད་བརྒྱབ་མེད་ཀྱང་། ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཨེ་ཝེ་ཝེ་བཟའ་ཚང་གཉིས་དུས་ཡུན་སྐར་མ་བཅོ་ལྔ་ཙམ་ལ་ཐུག་འཕྲད་བྱེད་དུ་བཅུག་ཡོད་པ་དང་། ཨེ་ཝེ་ཝེའི་ཁྲིམས་རྩོད་པ་ལིའུ་ཞའོ་ཡོན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་བ་གཅིག་ལྷག་གི་གོང་དེར་ཨེ་ཝེ་ཝེ་པེ་ཅིང་གནམ་ཐང་དུ་བཀག་ཉར་བྱས་ནས་བཟུང་། ཁ་སང་གཟའ་ཉི་མ་བར་དུ་ཨེ་ཝེ་ཝེ་རང་གི་ཆུང་མ་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། ཁ་སང་གི་ཐུག་འཕྲད་དེ་ཨེ་ཝེ་ཝེ་ཕྱི་ལོགས་ཀྱི་མི་ཞིག་ལ་ཐུག་འཕྲད་བྱུང་བ་ཐེངས་དང་པོ་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG