ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སོག་རྫོང་གི་དགེ་འདུན་པ་ཞིག་འཛིན་བཟུང་།


གྲྭ་ཆོས་དབྱིངས་སྐལ་ལྡན།
གྲྭ་ཆོས་དབྱིངས་སྐལ་ལྡན།
ཁམས་སོག་རྫོང་ཙན་དན་དགོན་པའི་དགེ་འདུན་པ་ཞིག་གིས་དགོན་པར་ཡོད་པའི་རྒྱ་ནག་གཞུང་གི་ལས་བྱེད་རུ་ཁག་ལ། ཁ་པར་བརྒྱུད་དེ་ངོ་རྒོལ་གྱི་རྩོམ་ཡིག་བསྐུར་བར་བརྟེན། སྤྱི་ཟླ་གསུམ་པའི་ནང་དུ་འཛིན་བཟུང་བྱས་འདུག ཡིན་ན་ཡང་ནང་མི་དང་འབྲེལ་ཡོད་མི་སྣས་དགེ་འདུན་པ་ཁོང་ཟླ་བ་གཉིས་ལྷག་ལ་གང་དུ་བཀག་ཉར་བྱེད་དེ་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་མཁོ་འདོན་པར་གནས་དྲི་ཞུས་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG