ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པའི་ཁྱིམ་ཚང་ཞིག་གི་མི་དྲུག་པ་འཛིན་བཟུང་བྱས་ཡོད་པ།


Tashi Dorjee

རིན་ཆེན་བསམ་གྲུབ་དང་ཀརྨ་བསམ་གྲུབ། འཆི་མེད་གནམ་རྒྱལ་གསུམ་གྱི་སྤུན་མཆེད་བཀྲིས་སྟོབས་རྒྱལ་གཟའ་ཟླ་བ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རང་ལོ་༤༥ར་བསླེབས་པའི་བོད་ཡིག་དགེ་རྒན་དེ་འཛིན་བཟུང་བྱས་ཚུལ་ནི། ཁོང་གིས་བར་ལམ་སྤྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་གར་སོང་མེད་པར་གྱུར་བའི་རང་གི་ཤ་ཉེ་རིན་ཆེན་རྡོ་རྗེ་བརྩད་གཅོད་བྱེད་པར་སྐྱོད་སྐབས། མཚན་མོ་ཁོང་གི་སྡོད་ཁང་ནང་ཉེན་རྟོགས་པ་བཅུ་གྲངས་ཤིག་འཛུལ་ཏེ་བཙན་ཁྲིད་བྱས་ཡོད་པ་དང༌། ད་ཆ་ཁོང་གར་ཡོད་ཤེས་རྟོགས་མེད་པའི་སྐོར་དབྱིན་ཇིའི་ཚགས་པར་ཊམ་སི་ནང་གཟའ་ལྷག་པ་ཉིན་གནས་ཚུལ་སྤེལ་འདུག་

XS
SM
MD
LG