ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ཆར་རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་ལ་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་འཐེན་བྱས་ཏེ། རྒྱ་ནག་དང་ཉི་ཧོང་གཙོས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འགལ་ཟླ་ཆེན་པོ་བྱུང་བ་དང་། ཕྱི་ཟླ་དང་ཚེས་༦་ཉིན་དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་གི་གཞུང་ཚབ་པ་ལིའུ་ཤའོ་མིང་གིས་གསར་འགོད་པ་ཚོས་བཤད་པ་ལྟར་ན། རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་ཡོད་པའི་རྩོད་གཞི་ཅན་གྱི་གླིང་ཕྲན་འགའ་ཞིག་གི་མཁའ་དབྱིངས་ལ་ས་ཐིག་འཐེན་པ་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་འབའ་ཞིག་གི་ཆེད་དུ་ཡིན་ཞིང་། རྒྱ་ནག་གིས་དེ་ལྟར་བྱས་པ་རྒྱལ་ཁབ་གཞན་གྱི་མངའ་ཁོངས་ལ་བཙན་འཛུལ་བྱས་པ་ཞིག་ལ་བརྩི་མི་རུང་ཞེས་འགྲེལ་བཤད་བརྒྱབ་ཀྱང་། དབྱིན་ཡུལ་དུ་བཅའ་སྡོད་ཉི་ཧོང་གི་གཞུང་ཚབ་པ་ཧ་ཡ་ཞིས་རྒྱ་ནག་གི་གཞུང་ཚབ་པའི་གཏམ་བཤད་དེར་དགག་པ་བརྒྱབ་པ་དང་། རྒྱ་ནག་གི་དམག་གིས་ཉི་ཧོང་ལ་བཙན་དྲག་བཀོལ་ནས་དངོས་ཡོད་གནས་སྟངས་ལ་འགྱུར་བ་གཏོང་ཐབས་བྱེད་བཞིན་འདུག ཟླ་ཤས་གོང་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་ཤིག་ཉི་ཧོང་གི་མཚོ་ཁོངས་སུ་བཙན་འཛུལ་བྱས་པ་དམག་འཁྲུག་སློང་གི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཆོག རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གྲོས་མོལ་མི་བྱེད་པ་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་འཇོག་མེད་པར་རང་སྣང་གང་དྲན་བྱེད་ཚེ། རྒྱ་ནག་ཤར་ཨེ་ཤི་ཡའི་བདུད་རྒྱལ་ལྟ་བུ་ཞིག་ལ་འགྱུར་རྒྱུ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེ།
XS
SM
MD
LG