ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འཐུས་བྱ་རྒྱུའི་འོས་བབས་མེད་པ་ཡང་བསྐྱར་ར་འཕྲོད།


ཉེ་དུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་ཕྱིན་ཡོད་མེད་བསྐྱར་ཞིབ་བྱེད་པའི་སྐབས་ རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ཚུལ་མི་བདེན་རྫུན་སྒྲིག་གི་གཏམ་བཤད་མང་དག་ཅིག་བྱས་ཡོད་ཀྱང་ དེ་དག་ལ་ཚོགས་འདུར་ཞུགས་པའི་ནུབ་ཕྱོགས་ཡུལ་གྲུའི་སྐུ་ཚབ་རྣམས་ཀྱིས་དགག་པ་ནན་པོ་བརྒྱབས་ཏེ་ གང་ལྟར་ཐེངས་འདིའི་ཚོགས་འདུའི་ཐོག་ནས་རྒྱ་ནག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འཐུས་བྱ་རྒྱུའི་འོས་བབས་རྩ་བ་ནས་མེད་པ་ཡང་བསྐྱར་ར་འཕྲོད་གསལ་པོ་བྱུང་བ་རེད་ཅེས་ རྒྱ་ནག་གི་སྤྱི་དམངས་ཀྱི་སྟོབས་ཤུགས་ཞེས་པའི་དམངས་གཙོ་དོན་གཉེར་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG