ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨབ་གྷ་ཎི་སི་ཐན་གྱི་སྲིད་འཛིན་ཧ་མིཏ་ཁར་ཟ་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་དང་། གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་སྲིད་འཛིན་ཧ་མིཏ་ཁ་ཟ་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ། རྒྱ་ནག་གཞུང་གིས་ལྷ་བསམ་རྣམ་དག་དང་རང་དོན་ཁོག་བཅངས་མེད་པར་ཨབ་གྷ་ཎི་སི་ཐན་ལ་དཔལ་འབྱོར་རོགས་རམ་དང་ཚོང་ལས་རྒྱ་སྐྱེད། རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་མ་རྩ་བཙུགས་ཏེ་བདེ་འཇགས་སྲུང་སྐྱོབ་བཅས་སུ་མཉམ་འབྲེལ་དམ་ཟབ་བྱེད་རྒྱུ་དང་། ད་ལྟ་ཨབ་གྷ་ཎི་སི་ཐན་ཧ་ཅང་གནད་འགག་ཆེ་བའི་འགྱུར་མཚམས་ཀྱི་དུས་སྐབས་ཤིག་ལ་བསླེབས་ཡོད། རྒྱ་ནག་ཨབ་གྷ་ཎི་སི་ཐན་གྱི་ཡིད་རྟོན་རུང་བའི་ཁྱིམ་མཚེས་ཤིག་དང་མཐུན་གྲོགས་རྒྱལ་ཁབ་ཅིག་ཡིན། ད་ལྟ་དང་མ་འོངས་པ་གཉིས་ཀར་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་མཛའ་འབྲེལ་ཡར་རྒྱས་གཏོང་རྒྱུ་དང་། རྒྱ་ནག་གིས་རང་དོན་ཁོག་བཅངས་མེད་པར་ལྷག་བསམ་རྣམ་དག་གི་སྒོ་ནས་ཨབ་གྷ་ཎི་སི་ཐན་ལ་རོགས་སྐྱོར་བྱེད་རྒྱུའི་སྲིད་ཇུས་ཤིག་བཟུང་ཡོད་པ་དེར་འགྱུར་བ་མེད་ཅེས་གཏམ་བཤད་བྱས་ཡོད་པ་རེད།

XS
SM
MD
LG