ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༢༣

འབྲི་རུ་རྫོང་དུ་བོད་མི་འཛིན་བཟུང་དང་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་གྱི་ཡོད་པ།


ཁམས་ནགས་ཤོད་འབྲི་རུ་ཁུལ་དུ་རྒྱ་ནག་གཞུང་གིས་བསམ་བློའི་སློབ་གསོ་ཟེར་བ་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་པ་དང་། ཕ་ཡུལ་འབྲི་རུ་ནས་ཡིན་པའི་ཟི་ལིང་དང་དཀར་འཛིས་ས་ཁུལ་སོགས་ལ་སློབ་སྦྱོང་བྱེད་མཁན་རྣམས་ཡར་འབོད་འགུགས་བྱས་སྟེ་དམིགས་བསལ་གྱིས་དོ་དམ་དང་སློབ་གསོ་ཟེར་བ་གཏོང་བཞིན་ཡོད་པ་རེད། དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བ་ལྟར་ན། བསམ་བློའི་སློབ་གསོ་ཟེར་བ་དེ་ཡང་ཉེས་རྡུང་བཏང་སྟེ་གནས་སྤེལ་བཞིན་ཡོད་པ་རེད།
XS
SM
MD
LG