ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ནང་བྱེ་ཐང་རྒྱ་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ཨེ་ཤི་ཡ་ཁྱོན་ཡོངས་ལ་དཀའ་ངལ་འཕྲད་པ།


རྒྱ་ནག་གི་ནང་ ལོ་ལྟར་བྱེ་ཐང་རྒྱ་ཆེ་རུ་ཕྱིན་སྟེ་ ས་གཞི་གཤིན་པོ་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་མང་པོ་རྩ་མེད་འགྲོ་གི་ཡོད་པ་དེ་ནི་ ད་ཕན་བྱུང་མྱོང་མེད་པའི་དཀའ་ངལ་ཧ་ཅང་གི་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་ ད་ཆ་རྒྱ་ནག་གི་ས་ཁྱོན་སྤྱིིའི་བཞི་ཆ་གཅིག་ལྷག་བྱེ་ཐང་ལ་གྱུར་ཟིན་པ་འམ་ ཡང་ན་འགྱུར་བཞིན་པའི་གནས་སུ་གྱར་ཡོད་པ་རེད་ ཚབས་ཆེའི་དཀའ་ངལ་འདིའི་འབྱུང་རྐྱེན་ནི་ འདས་པའི་དུས་རབས་བརྒྱ་ཕྲག་ཕྱེད་ཀ་ལྷག་གི་རིང་ལ་ རང་འབྱུང་ཁོར་ཡུག་ལ་གཅེས་སྤྲས་མ་བྱས་པར་ རྩི་ཤིང་ནགས་ཚལ་གཅོད་འབྲེགས་ཚད་ལས་བརྒལ་བ་བྱས་པ་དང་ རྩ་ཐང་བེད་སྤྱོད་ཚད་ལས་བརྒལ་བ་བྱས་པ་ ས་ཞིང་འདེབས་ལས་བྱེད་དྲགས་པ་དང་ ཆུ་བེད་སྤྱོད་བྱས་དྲགས་པ་བཅས་ཀྱི་ཐོག་ གནམ་གཤིས་ལ་འགྱུར་བ་ཕྱིན་པ་བཅས་ལ་བརྟེན་ནས་ཡིན་པ་རེད།

XS
SM
MD
LG