ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ལྐོག་ཟ་རུལ་སུངས།


རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ཨང་ལྔ་བ་ཝང་ཆི་ཧྲན་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགོ་ཁྲིད་ལ་བསྐོ་བཞག་བྱས་ཡོད་ཅིང་། ཁོང་གི་ལས་འགན་གཙོ་བོ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་ལ་འཐབ་རྒོལ་བྱེད་དགོས་པ་ཞིག་ཡིན་རུང་། རྒྱ་ནག་གཞུང་གིས་གནས་དབྱུང་བཏང་བའི་དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་འདས་པོ། ཀྲའོ་ཙི་དབྱང་གི་སློབ་སྟོན་པ་ཡའོ་ཅན་ཧྥུ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་ལ་འཐབ་རྒོལ་བྱེད་མི་ཐུབ་པའི་འགག་རྩ་གཙོ་བོ་ཆབ་སྲིད་ལ་ཐུག་ཡོད་པ་ལས་ཁྲིམས་ལ་ཐུག་མེད། དཔེར་ན་ཀྲའོ་ཙི་དབྱང་གི་དྲུང་ཡིག་པའོ་ཐུང་གིས་ཆབ་སྲིད་ཀྱི་ནོར་འཁྲུལ་བྱས་སོང་ཞེས་གོ་གནས་ཕབ་ཀྱང་ཟླ་ཤས་རྗེས་སུ་ད་གཟོད་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ཡོད། འདི་ནི་དམངས་གཙོ་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་སྲོལ་ལ་མི་མཐུན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ཕྱི་ལོགས་སུ་ལས་དོན་སྒྲུབ་བཞིན་ཡོད། ཁོང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཁྲིམས་འགལ་བྱས་ཡོད་པའི་དོགས་པ་ཡོད་མཁན་ཚོ་འབོད་འགུགས་བྱས་ནས་སྐད་ཆ་འདྲི་བ་དང་། མི་དེ་ཚོར་རྡུང་རྡེག་བཏང་ནས་བཙན་དབང་གིས་ནག་ཉེས་རྫུན་མ་ངོས་ལེན་བྱེད་དུ་འཇུག་ཡོད་པས། རྒྱ་ནག་གི་ལྐོག་ཟ་རུལ་སུངས་བཀག་འགོག་བྱེད་པར་ནུས་པ་ཐོན་དཀའ། གང་ལ་ཞེ་ན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་ལ་རང་དབང་མེད་པའམ། ཡང་ན་ཁོང་ཚོས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་ཇི་ལྟར་བྱེད་ཀྱི་ཡོད་མེད་ཕྱི་གསལ་ནང་གསལ་ཞིག་མེད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཞིབ་བཤེར་ལྷན་ཁང་དང་རྒྱ་ནག་དམར་ཤོག་ཚོགས་པ། རྒྱལ་ཁབ་ཀྱི་གཙོ་འཛིན་དང་དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། ད་དུང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་ཞིབ་འཇུག་བྱེད་ཐུབ་མཁན་གཅིག་ཀྱང་མེད་པ་དང་། རྒྱ་ནག་གི་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་ཚོར་ཞིབ་འཇུག་བྱེད་ཐུབ་ཀྱི་མེད་པ་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་དེར་ཐུག་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG