ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་ཉེན་རྟོག་པའི་འགོ་ཁྲིད་ཟུར་པ་ཝང་ལི་ཅུན་དང་གྲོང་ཁྱེར་དེའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་པའོ་ཤི་ལེ་གཉིས་རྒྱ་ནག་དམར་ཤོག་ཚོགས་པ་ལྐོག་ཟ་རུལ་སུངས་སུ་གྱུར་པ་དང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ཁྲིམས་འགལ་དང་དབང་ཆ་བེད་སྤྱོད་ལོག་གཏོང་གི་ཡོད་པའི་དཔེ་མཚོན་ལྟ་བུ་ཞིག་ལ་གྱུར་ཡོད་ཅིང་། དེར་བརྟེན་རྒྱ་ནག་གཞུང་གིས་ཝང་ལི་ཅུན་ལ་སྒེར་གྱི་ཁེ་ཕན་དོན་དུ་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་ལ་བརྩི་མེད་བཏང་བ་དང་ལས་འགན་འཐུས་ཤོར། ཁོས་པའོ་ཤི་ལེ་ཡི་ཆུང་མ་གུ་ཁེ་ལེ་ལ་མི་བསད་པའི་ནག་ཉེས་ཡོད་པ་ཤེས་བཞིན་དུ་རྩད་གཅོད་དྲང་པོ་ཞིག་མ་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད། ཕྱི་ཟླ་༩་ཚེས་༦་ཉིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་པའོ་ཤི་ལེ་ཡིས་གྲོང་ཁྱེར་དེའི་ཇག་ཚོགས་དང་ཁྲིམས་འགལ་གྱི་ཚོགས་པ། ནག་ཚོང་བཅས་ལ་དྲག་གནོན་བྱས་པའི་སྐབས་སུ་ཝང་ལི་ཅུན་གྲོང་ཁྱེར་དེའི་ཉེན་རྟོག་པའི་འགོ་ཁྲིད་ཡིན་པ་དང་། པའོ་ཤི་ལེའི་རྒྱབ་སྐྱོར་ལ་བརྟེན་ནས་ཝང་ལི་ཅུན་ཡང་གོ་གནས་འཕར་ཏེ་སྟོབས་འབྱོར་ལྡན་པའི་མི་ཞིག་ཡིན་རུང་། ཁ་སྔོན་ཕྱི་ཟླ་༢་ནང་ཝང་ལི་ཅུན་གློ་བུར་དུ་ཁྲུང་ཆིང་གྲོང་ཁྱེར་གྱི་ཉེན་རྟོག་པའི་འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་ཕུད་བཏང་བ་དང་། ཁོ་གྲོང་ཁྱེར་དེར་བཅའ་སྡོད་ཨ་མི་རི་ཀའི་ཕྱི་འབྲེལ་སྐུ་ཚབ་དོན་གཅོད་ཁང་ལ་བྲོས་བཅོལ་དུ་སོང་ཞིང་། ཝང་ལི་ཅུན་གྱིས་པའོ་ཤི་ལེ་བཟའ་ཚང་གཉིས་ལ་དབྱིན་ཇིའི་ཚོང་པ་ཧེ་ཝུཌ་དམར་གསོད་བྱས་པའི་ནག་ཉེས་ཡོད། པའོ་ཤི་ལེ་བཟའ་ཚང་གཉིས་ཀྱིས་ངན་ཇུས་བཤམས་ཏེ་ཝང་ལི་ཅུན་རང་གི་བདེ་འཇགས་ལའང་ཉེན་ཀ་འཕྲད་བཞིན་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱས་པ་མ་ཟད། ཁོ་ཨ་མི་རི་ཀའི་ཕྱི་འབྲེལ་སྐུ་ཚབ་དོན་གཅོད་ཁང་དུ་ཆུ་ཚོད་༢༤་ལ་བསྡད་པའི་རྗེས་སུ་རང་ཁྱིམ་ལ་ཕྱིར་ལོག་བྱས་པ་དང་། རྒྱ་ནག་གཞུང་གིས་འཕྲལ་དུ་ཝང་ལི་ཅུན་བཀག་ཉར་བྱས་ནས་འདས་པའི་ཟླ་ཤས་རིང་འདྲི་རྩད་ནན་པོ་བྱས་ཏེ། ཁ་རྩང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཝང་ལི་ཅུན་ལ་རང་ཕྱོགས་རྒྱབ་སྐྱུར་དང་ལྐོག་ཟ་བྱས་པ། ཁོས་སྒེར་གྱི་ཁེ་ཕན་ཆེད་དུ་སྤྱི་ཚོགས་ཀྱི་ཁྲིམས་ལ་བརྩི་མེད་བཏང་བ་དང་། ཝང་ལིཅུན་གྱིས་རང་གི་གོ་གནས་དང་དབང་ཆ་རྣམས་བེད་སྤྱོད་ལོག་པ་བཏང་བའི་ནག་ཉེས་བཞི་བགྲངས་ཡོད་པས་རྒྱ་ནག་གཞུང་གིས་ཝང་ལི་ཅུན་ལ་ཁྲིམས་བཤེར་བྱ་རྒྱུའི་ལམ་ཀ་གཏད་ཡོད་པ་རེད།
please wait

No media source currently available

0:00 0:03:24 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG