ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བླ་བྲང་དུ་འཁོར་སྐར་སྡེར་མ་བརྗེ་བསྒྱུར་བྱས་པ།


བོད་མདོ་སྨད་བླ་བྲང་ས་ཁུལ་དུ་སྤྱི་ཟླ་གསུམ་པའི་ཟླ་མགོ་ནས་ཉིན་༢༠ལྷག་རིང་ལ་དྲ་རྒྱའི་བརྒྱུད་ལམ་ཡོངས་སུ་བཀག་སྡོམ་བྱས་པ་དང་། ནམ་རྒྱུན་དྲ་རྒྱའི་བརྒྱུད་ལམ་དུ་ཟིན་ཐོ་སྤེལ་གྱིན་པའི་ས་ཁུལ་དེ་གའི་བོད་མི་ཚོས་ད་ལྟ་གཞི་ནས་དྲ་ལམ་དུ་ཞུགས་ཐུབ་པ་བྱུང་ཞེས་ཟིན་ཐོ་སྤེལ་གྱིན་ཡོད་པ་དང་། དྲ་ལམ་བསྐྱར་དུ་མཐུད་པ་དང་གནས་ཚུལ་འབྱོར་བ་ལྟར་ན། བོད་མདོ་སྨད་བླ་བྲང་ཁུལ་དུ་བརྙན་འཕྲིན་འཁོར་སྐར་བརྗེ་བསྒྱུར་གྱི་སྲིད་ཇུས་ཤིག་ཟླ་བ་གསུམ་པའི་ཟླ་མགོ་ནས་ལག་བསྟར་བྱས་ཡོད་པ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG