ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གིས་རྒྱ་ནག་ལ་དམིགས་པའི་དྲག་པོའི་ཐབས་བྱུས་གསར་པ་བསྟེན་རྒྱུ


ཉི་ཧོང་གིས་རྒྱ་ནག་ལ་དམིགས་པའི་དྲག་པོའི་ཐབས་བྱུས་གསར་པ་བསྟེན་རྒྱུ

ཉི་ཧོང་གིས་གཟའ་འཁོར་འདིའི་ནང་ཕྱིར་བསྒྲགས་བྱེད་པར་ཡིད་ཆེས་བྱེད་པའི་ཡུལ་དེའི་དེ་སྔའི་གྲང་དམག་འཁོན་འཁྲུག་དུས་སྐབས་སུ་སྲུང་སྐྱོབ་ཀྱི་ཐབས་བྱུས་མ་ལག་དང་བཅས་པ་ཡོངས་རྫོགས་ཀྱི་ཐོག་ཏུ་འགྱུར་བ་ཆེན་པོ་ཞིག་བཏང་པའི་དྲག་པོའི་ལམ་སྟོན་གསར་པའི་འོག ར་ཤི་ཡ་ལ་དམིགས་པའི་ལྕི་བའི་གོ་ཁྲབ་དང་མེ་ཤུགས་འཕུར་མདེལ་ལྡན་པའི་དམག་དཔུང་ཉུང་ཁྲི་བྱེད་པ་དང་འབྲེལ། ཡུལ་དེའི་ལྷོ་མཐའི་མཚོ་གླིང་ཁག་གི་ཉེ་འགྲམ་དུ་རྒྱ་ནག་གིས་དམག་དཔུང་ཇི་མང་དུ་གཏོང་བཞིན་པ་དེར་ཁ་གཏད་གཅོག་རྒྱུའི་ཆེད་དུ་འགུལ་བདེའི་རང་བཞིན་ཅན་གྱི་དམག་དཔུང་གི་སྡེ་ཁག་མང་པོ་གསར་འཛུགས་བྱེད་ཐུབ་པ་བྱ་རྒྱུའི་ལམ་སྟོན་བྱ་རྒྱུ་ཡིན་པ་རེད།

XS
SM
MD
LG