ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དབུས་གཞུང་གིས་ཆོས་ལུགས་བེད་སྤྱོད་བྱེད་བཞིན་པ།


བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱིས་བོད་མི་མང་ཚོགས་སྣེ་ཁྲིད་ཐུབ་པའི་ནུས་པ་ཡོད་པ་བེད་སྤྱོད་བྱས་ཏེ། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པ་ཡིད་ཆེས་བྱེད་ཐུབ་པའི་གྲྭ་བཙུན་རྣམས་དགོན་པའི་གནད་ཡོད་མི་སྣར་བསྐོ་བཞག་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་དམིགས་བསལ་དམངས་གཙོའི་སྲིད་ཇུས་ལག་བསྟར་གྱིས། དགོན་སྡེ་ཁག་གིས་ཏང་དང་རྒྱལ་ཁབ་ལ་ལེགས་སྐྱེས་གསར་བ་འབུལ་ཐུབ་པའི་གོ་སྐབས་རླབས་ཆེན་པོ་བསྐྲུན་ཡོད་པའི་རྒྱལ་གཅེས་ཆོས་གཅེས་ལྟ་བུ་ཚོགས་ཆེན་ཞིག་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་གཞིས་ཀ་རྩེ་རུ་འཚོགས་ཡོད་པ་རེད། རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ནང་བསྟན་ཆོས་ལུགས་ནི་བོད་མིའི་སེམས་ཁོངས་ཀྱི་གཅེས་ནོར་ལྟ་བུ་ཡིན་པ་ཤཻས་ཡོད་པ་དང༌། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་བོད་མི་རིགས་ལ་ཤུགས་རྐྱེན་དང་སྣེ་ཁྲིད་བྱེད་པའི་ནུས་པ་ཆེན་པོ་འདོན་ཐུབ་པའི་བསམ་ཚུལ་གནད་ལ་བཟུང་སྟེ། བོད་ཀྱི་དགོན་སྡེ་ཁག་གི་ནང་དུ། རྒྱ་ནག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཡིད་ཆེས་བརྟན་པོ་འཆང་མཁན་ཚོ་དགོན་པའི་ནང་གི་དབང་འཛིན་པར་བསྐོ་རྒྱུའི་སྲིད་ཇུས་གསར་བ་ལག་བསྟར་བྱེད་ཀྱིན་ཡོད་འདུག དགོན་སྡེ་ཁག་གི་ནང་དུ་རྒྱ་ནག་གཞུང་གི་སྒེར་གཅོད་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་ཚོར་རྩ་མེད་བཟོ་རྒྱུ་དང་རིམ་བཞིན་དགོན་པའི་ཤུགས་རྐྱེན་གྱིས་བོད་མི་མང་ཚོགས་ལ་ཡང་འགྱུར་བ་དང་སྣེ་ཁྲིད་ནུས་པ་ཐོན་པ་བྱེད་ཐུབ་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད་འདུག

XS
SM
MD
LG