ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཁེམ་བྷོ་ཌི་ཡའི་འོས་འདེམས་གྲུབ་འབྲས་ལ་རྩོད་གླེང་།


བདུན་ཕྲག་འདིའི་མགོ་སྟོད་དེར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁེམ་བྷོ་ཌི་ཡར་སྤྱི་ཡོངས་འོས་འདེམས་བྱས་ཡོད་ཅིང་། ཁེམ་བྷོ་ཌི་ཡའི་ཁ་གཏད་ཚོགས་པས་ཐེངས་འདིའི་སྤྱི་ཡོངས་འོས་འདེམས་དྲང་སྙོམས་ཤིག་བྱུང་མེད་པས། རྒྱལ་སྤྱིའི་རང་བཙན་གྱི་རྟོག་ཞིབ་ཚོགས་པ་ཞིག་དང་ཁེམ་བྷོ་ཌི་ཡའི་སྲིད་དོན་ཚོགས་པ་ཁག་མཉམ་འབྲེལ་ཐོག་ཏུ་འོས་འདེམས་ཀྱི་གྲུབ་འབྲས་ལ་ཞིབ་འཇུག་བྱ་དགོས་ཞེས་རེ་བ་བཏོན་ཏེ། ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས་ཀྱང་ཁ་གཏད་ཚོགས་པའི་དགོས་འདུན་དེར་མོས་མཐུན་བྱས་པར་རྟོག་ཞིབ་པ་ཚོས་བསྔགས་བརྗོད་བྱས་ཡོད་པ་དང་། ཁེམ་བྷོ་ཌི་ཡའི་ཁ་གཏད་ཚོགས་པའི་འགོ་ཁྲིད་སམ་རན་སིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁ་སྔོན་གཟའ་ཉི་མའི་ཉིན་ཁེམ་བྷོ་ཌི་ཡར་འོས་འདེམས་བྱས་པའི་སྐབས་སུ་སྲིད་བློན་ཧུན་སེན་གྱི་གཞུང་འཛིན་ཚོགས་པར་ཕམ་ཉེས་བྱུང་ཡོད་ངེས་ཡིན། རང་བཙན་གྱི་སྒྲིག་འཛུགས་ཤིག་གིས་ཁེམ་བྷོ་ཌི་ཡའི་སྤྱི་ཡོངས་འོས་འདེམས་ཀྱི་གྲུབ་འབྲས་ལ་ཞིབ་འཇུག་བྱ་དགོས་ཞེས་ནན་བརྗོད་བྱང་ཀྱང་། མི་མང་པོ་ཞིག་གིས་ཁེམ་བྷོ་ཌི་ཡའི་རྒྱལ་ཡོངས་འོས་བསྡུ་ལྷན་ཁང་རང་བཙན་གྱི་ངོ་བོའི་ཐོག་ཏུ་གནས་ཐུབ་མེད་པ་དང་། ཁེམ་བྷོ་ཌི་ཡའི་གཞུང་འཛིན་ཚོགས་པས་རྒྱལ་ཡོངས་འོས་བསྡུ་ལྷན་ཁང་ལ་བཀོད་འདོམས་བྱེད་ཀྱི་ཡོད་པའི་ལྟ་ཚུལ་བཟུང་ཞིང་། ཁེམ་བྷོ་ཌི་ཡའི་རྒྱལ་ཡོངས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཐེབ་ཎི་ཐ་ཡིས་ང་ཚོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་འོས་འདེམས་ཀྱི་གྲུབ་འབྲས་ལ་བརྩི་འཇོག་བྱེད་དགོས་པ་དང་། ཁེམ་བྷོ་ཌི་ཡའི་བཅའ་ཁྲིམས་ནང་དུ་རང་བཙན་གྱི་སྒྲིག་འཛུགས་ཁག་དང་རྟོག་ཞིབ་པ་ཚོར་འོས་འདེམས་དྲང་སྙོམས་བྱུང་ཡོད་མེད་ཞིབ་འཇུག་བྱེད་ཆོག་པའི་དབང་ཚད་སྤྲད་མེད་ཅེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG