ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མ་དང་བྱང་ཀོ་རི་ཡའི་དམག་དོན་འབྲེལ་བར་ཞིབ་འཇུག


སྔ་ལོ་ཉི་ཧོང་གིས་འབར་མ་ནས་བྱང་ཀོ་རི་ཡར་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་དམག་དོན་ཡོ་བྱད་ཁག་ཅིག་བར་འགོག་བྱས་པ་དང་། བྱང་ཀོ་རི་ཡས་ཉི་ཧོང་གིས་བར་འགོག་བྱས་པའི་དམག་དོན་ཡོ་བྱད་དེ་དག་རྡུལ་ཕྲན་མཚོན་ཆ་བཟོ་བར་བཀོལ་སྤྱོད་བཏང་ཡོད་སྲིད་ཅིང་། བདུན་ཕྲག་སྔོན་མར་ཉི་ཧོང་གིས་སྔ་ལོ་བྱང་ཀོ་རི་ཡར་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་དམག་དོན་ཡོ་བྱད་ཁག་ཅིག་བར་འགོག་བྱས་པ་ཡིན་ཞེས་ངོས་ལེན་བྱས་ཏེ། ཟླ་བ་གསུམ་པ་འདིར་འབར་མར་འཚམས་འདྲིར་ཕེབས་པའི་ཨ་མི་རི་ཀའི་དམིགས་བསལ་སློབ་སྟོན་པ་ཞིག་གིས་འབར་མའི་གཞུང་གིས་བྱང་ཀོ་རི་ཡའི་དམག་དོན་འབྲེལ་བ་ཡོངས་སུ་བཅད་ཡོད་པ་ར་སྤྲོད་གསལ་བོ་བྱེད་དགོས་ཞེས་ནན་བརྗོད་བྱས་པ་དང་། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་འབར་མ་དང་བྱང་ཀོ་རི་ཡའི་དམག་དོན་འབྲེལ་བར་ཞིབ་འཇུག་བྱེད་ཀྱི་ཡོད་པའི་སྐོར། ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཌེ་ཎིལ་ཤཱེབ་ཀྱིས་སྤེལ་པའི་གནས་ཚུལ་ཞིག་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
please wait

No media source currently available

0:00 0:04:05 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG