ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མའི་གཞུང་དང་དམངས་གཙོ་དབུ་ཁྲིད་ཀྱི་མཉམ་འབྲེལ།


འབར་མའི་གཞུང་དང་དམངས་གཙོ་དབུ་ཁྲིད་ཀྱི་མཉམ་འབྲེལ།

འབར་མའི་སྲིད་གཞུང་གི་ཁ་གཏད་ལྕམ་ཨང་སང་སུའུ་ཅིས་ཀྱིས་གསུངས་ན་གཟའ་འཁོར་སྔོན་མའི་ནང་དུ་མོ་རང་འབར་མའི་གཞུང་གི་མགོ་ཁྲིད་ཐེན་སེན་དང་མཇལ་འཕྲད་གནང་ཡོད་པ་དི་ནི་འབར་མའི་གཞུང་གི་ངོས་ནས་འབར་མའི་གཞུང་གི་ཁ་གཏད་ཚོགས་པ་དང་འབྲེལ་བ་བྱེད་ཐབས་བྱེད་ཀྱི་ཡོད་པའི་ཆ་ཤས་ཤིག་ཡིན་པ་དང་། ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་འབར་མའི་བྱེད་ཐབས་དེ་ལ་དགའ་བསུ་བྱེད་ཀྱི་ཡོད་ཀྱང་། འབར་མའི་གཞུང་གིས་ཆབ་སྲིད་བསྒྱུར་བཅོས་ལ་སོགས་པ་དངོས་འབྲེལ་ལག་ལེན་བསྟར་ཐུབ་མིན་ཐད་ལ་ཚང་མ་དོགས་འཆར་གྱི་ཁྲོད་ལྷག་ཡོད་པ་རེད། མཇལ་འཕྲད་རྗེས་གསར་འགྱུར་རྒྱུད་ལམ་ཁག་དང་ལྷག་པར་དུ་ལྕམ་ཨང་སང་སུའུ་ཅིས་ལགས་ཀྱིས། ཕྱོགས་གཉིས་མི་མཐུན་པའི་ལྟ་ཚུལ་རྣམས་ཟུར་ལ་བཞག་སྟེ ཐོག་མར་འབར་མའི་མི་མང་གི་ཆེད་དུ་ཐུན་མོང་གི་ལྟ་ཚུལ་ལ་གྲོས་མོལ་བྱས་པ་ཡིན་གསུངས་ཡོད་པ་རེད་ལ། ཡང་རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་བརྗོད་ན་དེ་ནི་གཙོ་བོ་འབར་མའི་གཞུང་གིས་ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཡོང་ཐབས་བྱེད་ཀྱི་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་བྷན་ཁོག་ནས་འདི་ཀ་རླུང་འཕྲིན་ཁང་གི་གསར་འགོད་པ་རོན་ཁོར་བྷོན་གྱིས་བཏང་ཡོང་བའི་གནས་ཚུལ་དེ་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG