ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་བཞི་བཅུ་ལྷག་གི་གོང་དུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་པ་དང་། འདས་པའི་ལོ་མང་རིང་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་སྐྱིད་སྡུག་མཉམ་མྱོང་བྱས་ཤིང་། ཁ་སང་ཕྱི་ཟླ་དྲུག་པའི་ཚེས་༢༣་ཉིན་དབྱིན་ཇི་རྒྱལ་ཡོངས་སུ་རང་གི་ཡུལ་ལུང་དེ་ཉིད་ཡུ་རོབ་མཉམ་འབྲེལ་ཁོངས་སུ་སྔར་བཞིན་མཉམ་གནས་བྱེད་པའམ། ཡང་ན་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་མིན་མི་མང་ལ་མོས་འོས་འདེམས་བྱས་ཏེ། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༢་ཀྱིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་འོས་ཤོག་འཕངས་པ་དང་། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༨་ཀྱིས་དབྱིན་ཇི་སྔར་བཞིན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མཉམ་གནས་བྱ་དགོས་ཞེས་འོས་ཤོག་འཕངས་འདུག དེར་བརྟེན་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ཐག་གཅོད་བྱུང་སྟེ། སྲིད་བློན་ཌི་ཝྭི་ཌི་ཁེམ་རོན་རང་གི་ལས་གནས་ནས་གནང་བ་ཞུས་པ་དང་ཕྱི་ཟླ་༡༠་ཚེས་༡་ནས་དབྱིན་ཇི་རྒྱལ་ཁབ་ལ་སྲིད་བློན་གསར་པ་ཞིག་བསྐོ་བཞག་བྱ་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་གྱི་སྒྲིག་འཛུགས་ཆེན་པོ་ཞིག་བཙུགས་ནས་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་དང་ནོར་སྲིད། ཨུ་སུ་རུའི་དམར་ཤོག་རྒྱ་སྐྱེད་ལ་ཁ་གཏད་གཅོག་པའི་སྒྲིག་འཛུགས་སྟོབས་ཤུགས་ཅན་ཞིག་དང་། ལྷག་པར་དུ་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་ཞིག་ལ་གྱུར་མོད། འོན་ཀྱང་དབྱིན་ཇིའི་མང་མོས་འོས་འདེམས་དེས་རྒྱལ་ཁབ་༢༨་ཀྱི་ཆབ་སྲིད་སྒྲིག་འཛུགས་དེར་གས་སྐྱོན་ཆེན་པོ་ཞིག་བཏང་ཡོད་པ་རེད།།

XS
SM
MD
LG