ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འབྲི་རུའི་ནང་ལོ་ན་༡༦ཡིན་པའི་བོད་མི་ཞིག་འཛིན་བཟུང་།


བོད་མདོ་ཁམས་འབྲི་རུ་ས་ཆ་ནས་ལོ་ན་༡༦ལས་སོན་མེད་པའི་བསོད་ནམས་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོལ་སྤེལ་བའི་༼རིག་གནས་ཁང་༽ཞེས་པའི་ཁང་བའི་ཕྱི་རོལ་གྱི་གྱང་ངོས་སུ། ༼བོད་ལ་རང་དབང་དགོས་༽ཞེས་བྲིས་ཏེ་དེའི་གཤམ་དུ་རང་གི་མིང་གསལ་བོར་བྲིས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དང་། ཡང་ལོ་ན་༡༦་ལས་སོན་མེད་པ་ཞིག་འཛིན་བཟུང་བྱེད་པ་དེ་རྒྱ་ནག་གི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ནང་དུ་ཁྲིམས་མཐུན་ཡིན་མིན་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱེད་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG