ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མི་མང་གིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པའི་བརྙན་འཕྲིན།


བོད་མི་མང་གིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པའི་བརྙན་འཕྲིན།


ཕྱི་ལོ་༢༠༠༧་ལོར་ཁམས་ལི་ཐང་གི་རྟ་རྒྱུག་དུས་ཆེན་སྐབས་སུ་རོང་རྒྱས་ཨ་གྲགས་ཀྱིས་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱེད་ས་དེར་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཞུས་པའི་གཏམ་བཤད་བྱས་ཏེ། ཁོང་རྒྱ་ནག་གཞུང་གིས་འཕྲལ་དུ་འཛིན་བཟུང་བྱས་ནས་ལོ་༨་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང༌། ད་ལྟ་ལོ་ངོ་གསུམ་གྱི་རྗེས་སུ་རོང་རྒྱས་ཨ་གྲགས་ཀྱིས་མང་ཚོགས་ཁྲོད་དུ་གཏམ་བཤད་བྱས་པའི་བརྙན་འཕྲིན་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེམ་སྤེལ་བྱས་ཡོད་པ་རེད།།

XS
SM
MD
LG